ནང་སྲིད་ལྷན་ཁག་གིས་ སྤྲུལ་སྐུ་རྫུས་མའི་གནད་དོན་ཐོག་ གྲོས་བསྟུན་འབད་ནི།

༉ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ བཀྲིས་སྒང་ལུ་ སྤྲུལ་སྐུ་ཨིན་ཟེར་སླབ་མི་ མི་ངོམ་༢ ཀྱིས་ མི་སྡེ་བརྡ་བརྒྱུད་ཝི་ཅེཌི་ཐོག་ལས་ ཞལ་འདེབས་བསྡུ་ལེན་འབད་ནུག་ཟེར་ གསུངས་ཡོདཔ་ཨིན་པས།
དེ་ཡང་ ནང་སྲིད་ལྷན་ཁག་གིས་ གནད་དོན་དེ་གི་ཐོག་ལུ་ ཞིབ་དཔྱད་འབད་བར་བཏང་མི་ སྡེ་ཚན་གྱིས་ སྙན་ཞུ་འབད་མི་དང་འཁྲིལ་ཨིན་ཟེར་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་ཞལ་འཛོམས་ མཇུག་བསྡུ་ཞིནམ་ལས་ ནང་སྲིད་བློན་པོ་གིས་ ཀུན་གསལ་ལུ་ གསུངས་ཡོདཔ་ད་ སྙན་ཞུ་དེ་ ཉིནམ་དག་པ་ཅིག་གི་ཧེ་མར་ ཐོབ་ཅི་ཟེར་ཨིན་པས།
སྲོལ་འཛིན་ལས་ཁུངས་དང་ བཀའ་ཁྲིམས་ལས་ཁུངས་ དེ་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་ཡོད་མི་ སྡེ་ཚན་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ བཀྲིས་སྒང་རྫོང་ཁག་ཚོགས་འདུ་གིས་ འབྲུག་ཡུལ་དཀར་ཟས་ཚོགས་པའི་ དཀར་སངས་དང་ ཡེ་ཤེས་རྡོ་རྗེ་༢ ཀྱིས་ སྤྲུལ་སྐུ་ཨིན་ཟེར་ སླབ་མི་ལུ་ བདེན་ཁུངས་ག་དེ་སྦེ་ ཡོདཔ་ཨིན་ན་ ནང་སྲིད་ལྷན་ཁག་གིས་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་མི་ལུ་བརྟེན་ བཏང་ཡོདཔ་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ དཀར་སངས་དང་ ཡེ་ཤེས་རྡོ་རྗེའམ་ སངས་རྒྱས་དབང་འདུས་ཟེར་སླབ་མི་༢ ཀྱིས་ ཝི་ཅེཌི་ནང་ སྡེ་ཚན་བཟོ་ཡོདཔ་མ་ཚད་ ཆོས་ཕྱོགས་ཀྱི་ལས་རིམ་དང་ དབང་ཚུ་ཡང་ གནང་ནུག་ཟེར་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ལྷན་ཁག་གིས་ གནད་དོན་དེ་ བརྒྱུད་འབྲེལ་ལྷན་ཁག་དང་ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་ དེ་ལས་ སྲོལ་འཛིན་ལས་ཁུངས་དང་ གཞུང་གྲྭ་ཚང་ཚུ་དང་གཅིག་ཁར་ མཐིལ་ཕྱིན་སྦེ་ གྲོས་བསྟུན་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ བརྒྱུད་འབྲེལ་ལྷན་ཁག་དང་ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་དང་གཅིག་ཁར་ མི་སྡེ་བརྡ བརྒྱུད་ལག་ལེན་གྱི་ ཁྲིམས་ལུགས་དང་ གནད་དོན་དེ་ སྤྲུལ་སྐུ་ངོས་འཛིན་ཚོགས་པ་ལུ་ གཏང་ནིའི་དོན་ལས་ གཞུང་གྲྭ་ཚང་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཨིན་ཟེར་ཨིནམ་ད་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་ཚར་ཞིནམ་ལས་ ག་ཅི་འབད་དགོཔ་ཡོདཔ་ཨིན་ན་ བལྟ་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ གི་ཟླཝ་༦ པའི་ སྤྱི་ཚོགས་ཐེངས་༨༣ པའི་ གྲོས་ཆོད་དང་འཁྲིལཝ་ད་ སྤྲུལ་སྐུ་ངོས་འཛིན་འབད་ནི་དེ་ སྤྲུལ་སྐུ་ངོས་འཛིན་ཚོགས་པའི་ འགན་ཁུར་ཨིན་ཟེར་ཨིནམ་ད་ སྤྱི་ཚོགས་ཀྱིས་ བླམ་དང་ སྤྲུལ་སྐུ་ཚུ་ ལུགས་མཐུན་དང་ གཏན་འཁེལ་བཟོ་ནིའི་དོན་ལུ་ སྤྲུལ་སྐུ་ངོས་འཛིན་ཚོགས་པ་ གཞི་བཙུགས་འབད་དགོ་པའི་ གྲོས་ཐག་བཅད་གནང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༥ ལུ་ ཚོགས་ཆུང་གིས་ སྔར་བཞིན་དུ་ ཧེ་མའི་སྐུ་ཚེ་དང་ རྟོགས་བརྗོད་ལ་སོགས་པའི་ཐོག་ལས་ བླམ་དང་སྤྲུལ་སྐུ་ཚུ་ ངོས་འཛིན་འབད་ནིའི་དོན་ལུ་ བྱ་སྒོའི་རིམ་པ་༡༤ དེ་ཅིག་ བཟོ་ཡོདཔ་ཨིན་པས།
ཆོས་སྡེ་ལྷན་ཚོགས་ཀྱིས་འབད་རུང་ མི་རྩིས་ཐོ་བཀོད་དང་ སྤྲུལ་སྐུ་ངོས་འཛིན་ཚོགས་པ་གིས་ རྒྱབ་སྐྱོར་འབད་མི་རྐྱངམ་གཅིག་ལུ་ བླམ་དང་སྤྲུལ་སྐུ་ཨིན་པའི་ ཆ་གནས་དང་ བརྩི་འཇོག་འབད་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *