ནང་སྐྱོད་འབད་མི་ ལམ་འགྲུལཔ་ཚུ་ ཀོ་བིཌ་-༡༩ འི་ བརྟག་དཔྱད་འབད་མ་དགོཔ།

༉ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ སྤྱི་ཚེས་༢༣ གྱི་ཤུལ་ལས་ ནང་སྐྱོད་འབད་མི་ ལམ་འགྲུལཔ་ཚུ་ ཀོ་བིཌ་-༡༩ འི་ བརྟག་དཔྱད་འབད་མི་དགོ་ནི་ཨིན་པས།

དེ་འབདཝ་ད་ སྐྱེས་ལོ་༡༢ ཡན་ཆད་འབད་མི་དང་ རྒྱལ་ཁབ་ནང་ འཛུལ་ཞུགས་འབད་མི་ཚུ་གིས་ འཛུལ་ཞུགས་འབད་སའི་ ས་ཁོངས་དང་ ཡང་ཅིན་ ལཱ་འབད་སའི་ས་ཁོངས་ནང་ ཨར་ཊི་-པི་སི་ཨར་བརྟག་དཔྱད་འབད་དགོཔ་ཨིན་རུང་ བརྟག་དཔྱད་ཀྱི་འཐུས་ཚུ་ སྤྲོད་མི་དགོ་ཟེར་ གསལ་བསྒྲགས་ནང་བཀོད་ནུག།

གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཕྱིའི་ལས་མི་ཚུ་ འཁྱིད་འོང་མི་ འབྲུག་མི་ཚུ་གིས་ ལས་མི་ཚུ་ སྨན་ཁབ་ཚངམ་སྦེ་ བཙུགས་ཡོད་པའི་ ངེས་བརྟན་བཟོ་དགོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ སྨན་ཁབ་ཚངམ་མ་བཙུགས་པར་ ཡོད་པ་ཅིན་ གསོ་བ་ལྷན་ཁག་གིས་ རིན་དངུལ་སྤྲོད་དེ་ སྨན་ཁབ་ཚུ་ བྱིན་འོང་ཟེར་ཨིན་པས།

སྨན་ཁབ་ལན་ཐེངས་༢ བཙུགས་དགོཔ་ཡོད་མི་ཚུ་ ཚངམ་སྦེ་བཙུགས་ཡོད་མི་དང་ ལན་ཐེངས་༡ བཙུགས་དགོཔ་སྦེ་ སྨན་ཁབ་ཚངམ་སྦེ་ བཙུགས་ཡོད་མི་ཚུ་ སྨན་ཁབ་ཚངམ་སྦེ་ བཙུགས་ཡོད་པའི་གྲངས་སུ་ བརྩི་འཇོག་འབད་དོ་ཡོདཔ་ད་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་འཛིན་འབྱུང་མི་ཚུ་ ཉིནམ་༥ འི་རིང་ ཟུར་བཞག་ལམ་ལུགས་གུ་ གནས་དགོཔ་ཨིན་པས།

དེ་བཟུམ་སྦེ་ འབྲུག་མི་མེན་མི་ཚུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་འཛིན་འབད་མི་ཚུ་གིས་ ཟུར་བཞག་དང་ སྨན་བཅོས་ཀྱི་འཐུས་ཚུ་ སྤྲོད་དགོ་ནི་ཨིནམ་བཞིན་དུ་ ད་ལྟོ་ ས་མཚམས་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་ལུ་ སྐྱེལ་མའི་ཞབས་ཏོག་ སྤྲོད་དོ་ཡོད་མི་ཚུ་ཡང་ བསྡུ་ནི་ཨིན་པས།

གསལ་བསྒྲགས་དང་འཁྲིལཝ་ད་ ཀོ་བིཌ་-༡༩ རྐྱངམ་གཅིག་མེན་པར་ ནད་གཞི་གཞན་ཚུ་གི་ བརྟག་དཔྱད་ཡར་དྲག་གཏང་ཐབས་ལུ་ ནད་རྟགས་ཡོད་མི་ཚུ་ གསོ་བའི་མཐུན་རྐྱེན་དང་ ཡང་ཅིན་ ཚ་རིམས་བརྟག་དཔྱད་ཁང་ཚུ་ནང་ བརྟག་དཔྱད་འབད་བར་ འོང་གནང་ཟེར་ཨིནམ་ད་ ཚ་རིམས་བཟུམ་མའི་ རྟགས་མཚན་དང་ ནད་གཞི་ཡོད་མི་ཚུ་གིས་ ཁ་རས་སྤུབས་དགོ་ཟེར་ཨིན་པས།

ལགཔ་འཁྱུ་ནི་ཚུ་གི་སྐོར་ལས་ འཕྲོ་མཐུད་དེ་ གོ་བརྡ་སྤྲོད་ནི་ཨིནམ་བཞིན་དུ་ ཀོ་བིཌ་-༡༩ རྐྱངམ་གཅིག་མེན་པར་ འབུ་ནི་མེད་པའི་ ནད་གཞི་གཞན་ཚུ་ཡང་ སྔོན་འགོག་འབད་དགོ་ཟེར་ཨིན་པས།

གསལ་བསྒྲགས་ནང་ བཀོད་མིའི་ནང་ མི་དབང་མངའ་ཞབས་མཆོག་གི་ ལམ་སྟོན་བཟང་པོའི་འོག་ལུ་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་གིས་ རྩ་འགེངས་ཕྱག་ཞུ་མི་དང་ མི་ཚུ་གི་རྒྱབ་སྐྱོར་དང་ མཐུན་འབྲེལ་ལུ་བརྟེན་ ནད་ཡམས་ཀོ་བིཌ་-༡༩ ལུ་ གྲུབ་འབྲས་ཅན་སྦེ་ གདོང་ལེན་འབད་ཚུགས་ཡི་ཟེར་ཨིན་པས།

ནད་ཡམས་ཀྱི་ བཀག་འཛིན་ཡངས་ཆག་དང་ ཉེན་སྲུང་འཆར་གཞི་བཟོ་སྟེ་ ཟླཝ་༦ དེ་ཅིག་གི་ཤུལ་ལས་ རྒྱལ་ཁབ་ནང་ ཀོ་བིཌ-༡༩ འི་ གནས་སྟངས་དེ་ ཚད་འཛིན་འབད་ཚུགས་ཏེ་ཡོད་རུང་ ནད་ཡམས་དེ་ རྩ་མེད་སོང་ཡོད་པའི་ གསལ་བསྒྲགས་མ་འབད་ཚུན་ མི་མང་ལུ་ བརྡ་དོན་སྤྲོད་ཐབས་ལུ་ གསོ་བ་ལྷན་ཁག་གིས་ ནད་འབུབ་གསརཔ་གི་ ལྟ་རྟོག་དང་ བཀག་ཐབས་སྒྲིང་སྒྲི་བཟོ་འོང་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *