ནང་འཁོད་བཟོ་གྲྭ་དང་ ཚོང་ལས་ཆུང་བ་ཚུ་ འགོ་ བཙུགས་ནི་ལུ་ རྒྱབ་སྐྱོར།

༉ རྒྱལ་ས་ཐིམ་ཕུག་ལུ་སྦེ་ འདས་པའི་ཉིན་གྲངས་གསུམ་གྱི་རིང་ འགོ་འདྲེན་འཐབ་མི་ འབྲུག་གི་དཔལ་འབྱོར་དོན་ལུ་ གསར་བཏོད་སོར་སྒྱུར་གྲོས་འཛོམས་ མཇུག་བསྡུཝ་དང་བསྟུན་ ད་ལས་ཕར་ ནང་འཁོད་བཟོ་གྲྭ་དང་ཚོང་ལས་ཆུང་བ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཐབས་ལམ་ཚུ་ གཏོན་ནི་ཨིན་མས།
འབྲུག་གི་གོང་འཕེལ་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་བསྟུན་ ནང་འཁོད་བཟོ་གྲྭ་དང་ཚོང་ལས་ཆུང་བ་ཚུ་ ལྷག་པར་དུ་ དམིགས་གཏད་བསྐྱེད་ཞིནམ་ལས་ དོན་སྨིན་ཅན་སྦེ་ བཟོ་ཐབས་འབད་ནི་ཨིན་མས།
ད་རེས་ནངས་པར་ འཛམ་གླིང་ནང་ ཡུན་བརྟན་གོང་འཕེལ་ལུ་ གཙོ་བོར་བཏོན་མི་དང་འཁྲིལ་ རྒྱལ་ཁབ་མཐའ་དབུས་མེད་པའི་ དབུ་ཁྲིད་ཚུ་དང་ ལས་སྡེ་ཚུ་གིས་འབད་རུང་ མི་སྡེའི་དྲན་ཚོར་འབད་ནི་དང་ འཛམ་གླིང་གི་དཀའ་ངལ་ སེལ་ཐབས་འབད་ནིའི་དོན་ལུ་ མ་རྩ་བཙུགསཔ་ཨིན་མས།
འབྲུག་ལུ་འབད་རུང་ ང་བཅས་རའི་ དབུ་ཁྲིདཔ་ཚུ་གིས་ ཐབས་ལམ་བཏོན་མི་ཚུ་ ལེགས་པའི་ལམ་ཕྱོགས་ལུ་ ཞུགས་ཏེ་ཡོདཔ་ལས་ ད་ལས་ཕར་ ནང་འཁོད་བཟོ་གྲྭ་དང་ཚོང་ལས་ཆུང་བ་ཚུ་ནང་ ཕྱི་ཁ་ལས་ དང་འདོད་བསྐྱེད་བཅུག་ནི་དང་ མ་རྩ་བཙུགས་བཅུག་ནི་ དེ་བཟུམ་སྦེ་ ཐབས་རིག་དང་ མཉམ་འབྲེལ་གནད་དོན་ཚུ་ནང་ འབྲེལ་གཏོགས་འབད་ནི་ཨིན་མས།
མཁས་མཆོག་ཚུ་གིས་འབད་བ་ཅིན་ འབྲུག་གི་ མ་འོངས་པའི་དགོས་མཁོ་དང་འཁྲིལཝ་ད་ ཕན་གནོད་དང་ ཡུན་བརྟན་མ་རྩ་བཙུགས་ནི་དེ་ འོས་འབབ་ཡོདཔ་སྦེ་ མཐོངམ་མས་ཟེར་ཨིན་མས།
ང་བཅས་རའི་ ནང་འཁོད་བཟོ་གྲྭ་དང་ཚོང་ལས་ཆུང་བ་ཚུ་གིས་ ཁོང་རའི་ ལྕོགས་གྲུབ་བཏོན་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དགོཔ་མ་ཚད་ ན་གཞོན་ལཱ་གཡོག་མེད་མི་དང་ གྲོང་གསེབ་ཚུ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་བྱུང་མི་དེ་ཡང་ དྲན་ཚོར་ཐོག་ལས་ སེལ་ཐབས་འབད་ནི་ལུ་ དོ་འགྲན་འབད་དགོཔ་འདུག།
ནང་འཁོད་བཟོ་གྲྭ་དང་ཚོང་ལས་ཆུང་བ་ཚུ་ སྒྲིང་སྒྲི་སྦེ་ གཞི་བཙུགས་འབད་ནིའི་དོན་ལུ་ གཞུང་གིས་ ལམ་ལུགས་དང་སྒྲིག་གཞི་ ལཱ་གི་གནས་སྟངས་ དེ་ལས་ མཐུན་རྐྱེན་ཚུ་ བསྐྱར་ཞིབ་ཐོག་ལས་ ཧེ་མ་བ་དྲགཔ་སྦེ་ བཟོ་དགོཔ་འདུག།
གཙུག་སྡེ་ཚུ་གི་གྲས་ལས་ དམིགས་བསལ་དུ་ དངུལ་ཁང་ཚུ་གིས་ ང་བཅས་རའི་ ཚོང་ལསཔ་ཚུ་ལུ་ བློ་གཏད་ཡིད་ཆེས་བསྐྱེད་དགོཔ་མ་ཚད་ ཚོང་ལསཔ་ཚུ་གིས་འབད་རུང་ འོས་ལྡན་ཚོང་འབྲེལ་འཐབ་ནིའི་དོན་ལུ་ རང་སོའི་ འགན་ཁུར་ཚུལ་བཞིན་འབག་དགོཔ་ད་ དེ་ཡང་ དཔེ་འབད་བ་ཅིན་ ནང་འདྲེན་འབད་མི་ ཅ་ཆས་ཚུ་གི་ཚབ་ ནང་འཁོད་ལས་ ཐོན་སྐྱེད་འབད་ཚུགས་པ་ཅིན་ ང་བཅས་རའི་ ཚོང་ལསཔ་ཚུ་ ཡར་དྲག་འགྱོ་ཚུགས་ནི་ཨིན་མས།
དེ་འབདཝ་ད་ ལོ་༥ ནང་ གཞུང་ཚར་རེ་ སོར་འགྱོ་ནི་དེ་གིས་ ང་བཅས་རའི་ སྲིད་བྱུས་ཚུ་ སྔོན་བཤད་འབད་མ་ཚུགསཔ་འགྱོཝ་ལས་ དངུལ་འབྲེལ་གཙུག་སྡེ་དང་ ཚོང་འབྲེལ་འཐབ་མི་ཚུ་གི་བར་ན་ བློ་གཏད་མེདཔ་བཞིན་དུ་ མི་ཚུ་གིས་འབད་རུང་ ནང་འཁོད་ཀྱི་ཅ་ཆས་ཚུ་ གོང་ཚད་མཐོ་དྲགས་ཨིན་པའི་ ཉོགས་བཤད་བཀོདཔ་ཨིན་མས།
ངོ་ཚབ་ལས་སྡེ་ ལེ་ཤ་ཅིག་གིས་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ལུ་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ ན་གཞོན་ཚུ་གིས་ ཐབས་ཤེས་གནས་སྐབས་གསརཔ་བཏོན་མི་ཚུ་ ད་རེས་ དངོས་མཐོང་ཚོང་ལས་ཅིག་ལུ་ སྒྱུར་ཏེ་འདུག།
དེ་ཡང་ ང་བཅས་ཀྱིས་ རྒྱལ་ཡོངས་ནང་འཁོད་བཟོ་གྲྭ་ཆུང་བའི་ འགྲེམ་སྟོན་ལས་རིམ་སྐབས་ ནང་འཁོད་ཐོན་སྐྱེད་འབད་མི་མཁོ་ཆས་ གླང་ལེབ་དང་ རྒྱ་ཐུག་ གུ་རམ་ ཁ་ཟས་ དྲན་རྟེན་ བཟོ་སྐྲུན་ཅ་ཆས་ དེ་ལས་ སྔོ་ཇ་ལ་སོགས་པ་ཚུ་ མཐོང་ཚུགསཔ་ལས་ ངལ་རངས་བསྐྱེད་པའི་ གཞི་གནད་ཅིག་ཨིན་མས།
ད་རེས་ ནང་འཁོད་བཟོ་གྲྭ་དང་ ཚོང་ལས་ཆུང་བ་ཚུ་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབདཝ་མ་ཚད་ དངུལ་ཁང་ཚུ་ གཞི་བཙུགས་འབད་བའི་ཁར་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་དེ་ བྱ་སྟབས་བདེ་ཏོག་ཏོ་བཟོ་ཡོདཔ་ལས་ རང་སོའི་ ལྕོགས་གྲུབ་དང་བསྟུན་པའི་ ཚོང་ལཱ་འགོ་བཙུགས་ནིའི་ དུས་ཚོད་བཟང་པོ་ཅིག་ལུ་ ལྷོད་ནུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *