ནང་འཁོད་ཐོན་སྐྱེད་དང་ ཚོད་བསྲེ་ནང་འདྲེན་ཐོག་ མཁོ་སྤྲོད་འབད་ནི།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་ཐེངས་༢ པ་འབད་ཡོདཔ་ཨིན་རུང་ ཚོད་བསྲེ་ཐོབ་མ་ཚུགས་པའི་ དཀའ་ངལ་སེལ་ཐབས་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ནང་འཁོད་ཐོན་སྐྱེད་དང་ ཚོད་བསྲེ་ནང་འདྲེན་ཐོག་ མཁོ་སྒྲུབ་འབད་ནིའི་ ལས་འཆར་ཚུ་ བརྩམས་ཏེ་ཨིན་པས།

སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཨྱོན་དཔལ་འབྱོར་གྱིས་ སླབ་མིའི་ནང་ སང་ཕོད་ཟླ་༡ པའི་ནང་ རྫོང་ཁག་ཚུ་ལས་ཡང་ དམིགས་བསལ་དུ་ རྫོང་ཁག་༧ ནང་ལས་ ཚོད་བསྲེ་ཐོན་སྐྱེད་མེ་ཊིག་ཊཱན་༡,༩༧༢ དེ་ཅིག་ མཁོ་སྒྲུབ་འབད་ནིའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།

ཚོད་བསྲེ་ཚུ་ དར་དཀར་ནང་དང་ རྩི་རང་ གསར་སྤང་ ཆུ་ཁ་ བསམ་རྩེ་ དེ་ལས་ མགར་ས་རྫོང་ཁག་༦ ལས་ ཐིམ་ཕུག་ཁྲོམ་སྡེ་ལུ་ མཁོ་སྤྲོད་འབད་ནི་ཨིནམ་ད་ དེ་བཟུམ་སྦེ་ རྫོང་ཁག་གཞན་ཚུ་ནང་ ཚོད་བསྲེ་ལྷག་ལུས་ཡོད་པ་ཅིན་ མཁོ་སྒྲུབ་འབད་འོང་ཟེར་ ཨྱོན་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

ལས་ཁུངས་དེ་གིས་ སྦུང་ཚོང་སྦེ་ བཙོང་མི་ཚུ་ལུ་ བགོ་བཀྲམ་འབད་ནི་ཨིནམ་ད་ གལ་སྲིད་ ནང་འཁོད་ཚོད་བསྲེ་དཀོན་སུ་སྦེ་ འགྱོ་བ་ཅིན་ གཞུང་གིས་ མི་སེར་གྱི་ མཁོ་འདོད་འགྲུབ་ནིའི་དོན་ལུ་ རྒྱ་གར་ལས་ ཚོད་བསྲེའི་རིགས་༥ དེ་ཅིག་ ནང་འདྲེན་འབད་ཆོག་པའི་ གནང་བ་སྤྲོད་དེ་ཡོད་ཟེར་ཨིན་པས།

ཚོད་བསྲེ་རིགས་༥ པོ་དེ་ཡང་ ཀེ་བ་དང་ སྒོགཔ་ བླམ་བན་ད་ བོད་སྲནམ་ དེ་ལས་ ལ་ཕུག་དམརཔོ་ཚུ་ཨིནམ་ད་ ནང་འདྲེན་འབད་ནི་དེ་ ཁྲོམ་ཁའི་མཁོ་འདོདབཀོད་མི་དང་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ལུ་ རག་ལས་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིཧ་ བཤདཔ་ཨིན་པས།

གལ་སྲིད་ འགྲུལ་སྐྱོད་བཀག་དམ་དེ་ ཡངས་ཆག་འབད་བ་ཅིན་ ད་ལྟོ་ ཚོད་བསྲེ་འདྲེན་བཀག་འཛིན་འབད་ནི་ཨིན་རུང་ ཨེ་མ་དང་ མེ་ཏོག་ཀོ་པི་ དེ་ལས་ སྲནམ་ཅུམ་ཚུ་ ནང་འདྲེན་འབད་བཅུག་འོང་ཟེར་ཨིན་པས།

འདས་པའི་ཟླཝ་ཚུ་ནང་ ཚོད་བསྲེའི་གོང་ཚད་ཡར་སེང་སོང་ཡོདཔ་ལས་ ཉེར་སྤྱོད་ཉེན་སྲུང་ཡིག་ཚང་གིས་ གོང་ཚད་ཚུ་ ལྟ་རྟོག་དང་ ཞིབ་དཔྱད་སྒྲིང་སྒྲི་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།

གལ་སྲིད་ སྒེར་སྡེ་གིས་ ཚོད་བསྲེའི་གོང་ཚད་ལུ་ དཀའ་ངལ་རེ་ འཐོན་པ་ཅིན་ གཞུང་གིས་ འབྲུག་བཟའ་སྤྱོད་ལས་འཛིན་དང་ སོ་ནམ་འཕྲུལ་ཆས་ལས་འཛིན་ལུ་ ནང་འདྲེན་འབད་ཆོག་པའི་ གནང་བ་སྤྲོད་ནིའི་ འཆར་གཞི་ཡོདཔ་ཨིན་པས།

ཡོངས་ཁྱབ་མདོ་ཆེན་ ཨྱོན་དཔལ་འབྱོར་གྱིས་ སླབ་མིའི་ནང་ ནང་འཁོད་ཚོད་བསྲེའི་ གོང་ཚད་དེ་ ཟད་འགྲོ་གནས་མི་དང་འཁྲིལ་ བཟོ་ནི་དང་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ རྩིས་ཤོག་དང་འཁྲིལ་ བཀོད་འོང་ཟེར་ཨིན་པས།

སྤྱི་ལོ་༢༠༡༨ དང་ཕྱདཔ་ད་  སྤྱི་ལོ་༢༠༡༩ ལུ་ ནང་འདྲེན་འབད་མི་དེ་ དངུལ་ཀྲམ་ས་ཡ་༡༤༤ ཡར་སེང་སོང་མི་དེ་ཡང་ ཤ་དང་ ཆུམ་ སྒོ་ནོར་ཐོན་སྐྱེད་ ཤིང་འབྲས་དང་ ཚོད་བསྲེ་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་ཡོད་མི་ལས་ ཚོད་བསྲེ་ལུ་ དངུལ་ཀྲམ་ས་ཡ་༣༠༨.༧༥ དང་ དངུལ་ཀྲམ་ས་ཡ་༩༧.༡༦ དེ་ཅིག་གི་ ཤིང་འབྲས་ཚེ་འབད་ནུག།

རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ སོ་ནམ་ཐོན་སྐྱེད་ཚུ་ ཕྱིར་བཙོང་འཐབ་ནིའི་དོན་ལུ་ ཞབས་ཏོག་སྤྲོད་འོང་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *