༉ སྤྱི་ཟླ་༩ པའི་ཚེས་༡ ལས་ བཀྲིས་སྒང་བཀང་ལུང་རྒེད་འོག་གི་ སློབ་གྲྭ་ཆུང་བ་༧ གྱི་ ནང་འཁོད་ལུ་ ཕུཊ་བཱོལ་འགྲན་བསྡུར་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ ཕུཊ་བཱོལ་ལུ་ སྤྲོ་བ་ཡོད་མི་ ན་གཞོན་ཚུ་གིས་ རང་སོའི་ལུས་རྩལ་བཏོན་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
དུས་ཡུན་སྐར་མ་༩༠ འབད་མི་ འགྲན་བསྡུར་ནང་ མང་ཤོས་ཅིག་གིས་ བཱོལ་རྐྱབ་ནི་བ་ བཱོལ་གྱིས་རེག་འོང་ཟེར་ འདྲོག་བྱེལ་འཐབ་སྟེ་ ཟུར་སྡོད་ཡོདཔ་མ་ཚད་ འཕྲལ་འཕྲལ་ར་ རང་སོའི་ཕྱོགས་འཛོལ་བའི་སྐབས་ འབྲེལ་ཡོད་སློབ་དཔོན་དང་ སློབ་སྟོན་པ་ཚུ་གིས་ རྩེ་ཐང་གི་ ཕྱི་ཁ་ལས་ སྐད་རྐྱབ་དགོཔ་བྱུང་ནུག།
བཀང་ལུང་སློབ་གྲྭ་ཆུང་བའི་ རྩེད་རིགས་མཉམ་འབྲེལ་པ་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་གྲྭ་ཆུང་བ་ཁག་གི་ བུཊ་བཱོལ་འགྲན་བསྡུར་དེ་ཡང་ སློབ་ཕྲུག་ཨ་ལོ་ཆུང་ཀུ་བསྒང་ལས་ར་ ཁོང་གི་རིག་རྩལ་དང་ ལྕོགས་གྲུབ་ཚུ་ ངོས་འཛིན་འབད་ནི་ལུ་ ན་ཧིང་ལས་ ལོག་འགོ་བཙུགས་ཅི་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།