ན་གཞོན་ལཱ་གཡོག་མེད་མིའི་དཀའ་ངལ་ འབྲེལ་འཛིན་ལས་རིམ་གྱིས་ སེལ་ཐབས་འབད་ནི།

༉ ལས་གཡོག་ལྷན་ཁག་གིས་ སློབ་རིམ་༡༠ པ་ ཡན་ཆད་འབད་མི་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་ ན་གཞོན་འབྲེལ་འཛིན་འཚོ་ཐབས་ཟེར་མི་ ལས་རིམ་གསརཔ་ཅིག་ བཟོ་ནི་ཨིན་པས།
དེ་འབདཝ་ལས་ འཆར་གཞི་༡༢ པའི་ནང་ གཙོ་རིམ་ཅན་གྱི་ལས་རིམ་ རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་ དཀའ་ངལ་མར་ཕབ་ འབད་ཐབས་ལུ་ གཞི་བཙུགས་འབད་མི་ ཐད་ཀར་ལཱ་གཡོག་ལམ་ལུགས་དེ་ ཆ་མེད་གཏང་ནི་ཨིན་པས།
ཐད་ཀར་ལཱ་གཡོག་ལས་རིམ་དེ་ ན་གཞོན་ཚུ་ སྒེར་སྡེའི་ནང་ ལཱ་འབད་མི་ཚུ་ གཞུང་གིས་ དངུལ་ཕོགས་ཕྱེད་ཀ་བྱིན་དོ་ཡོད་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ལས་གཡོག་ལྷན་ཁག་གིས་ བསྐྱར་ཞིབ་འབད་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༣ པ་ལས་ གནས་སྐབས་ཅིག་ བཀག་ཆ་འབད་ནུག།
ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབད་བའི་སྐབས་ རྒྱལ་ཡོངས་གོང་འཕེལ་གཏང་ནིའི་ དམིགས་དོན་འགྲུབ་ནི་དང་ ལཱ་གཡོག་བྱིན་ནི་ལུ་ ཁེ་ཕན་ཡོདཔ་སྦེ་ མངོན་གསལ་བྱུང་རུང་ ལྷན་ཁག་གིས་ ལས་རིམ་དེ་ འཕྲོ་མཐུད་དེ་ མི་འབད་ནི་སྦེ་ ཐག་བཅད་ནུག།
ཐད་དཀར་ལཱ་གཡོག་ལམ་ལུགས་དེ་ ལེགས་བསྒྱུར་འབད་ཡོདཔ་མ་གཏོགས་ དམིགས་དོན་དང་ ལས་སྣ་ཚུ་ག་ར་ ཅོག་འཐདཔ་སྦེ་ བཞག་ཡོད་པའི་ཁར་ ལྷན་ཚོགས་ཀྱིས་ ལམ་ལུགས་བསྐྱར་ཞིབ་འབད་བའི་ ཞིབ་རྟོག་དང་ བསྒྱུར་བཅོས་ཚུ་ག་ར་ ལས་རིམ་གསརཔ་ནང་ མཉམ་སྡེབ་འབད་དེ་ཡོདཔ་ཨིན་པས།
ན་གཞོན་འབྲེལ་འཛིན་འཚོ་ཐབས་ལས་རིམ་འོག་ལུ་ ན་གཞོན་འབྲེལ་འཛིན་དང་ ཐད་ཀར་ལཱ་གཡོག་ལས་རིམ་༢ སྦེ་ དབྱེ་ཡོད་མི་དེ་ ཟླཝ་༦ རེ་སྦེ་ཨིནམ་ད་ ལས་རིམ་ནང་ ན་གཞོན་ཚུ་གིས་ ལཱ་གཡོག་གི་ ཉམས་མྱོང་དང་ རིག་རྩལ་ ལཱ་གི་གནས་སྟངས་ དེ་ལས་ ལཱ་གཡོག་འབད་ནིའི་ སེམས་ཤུགས་འཐོབ་ནི་ ལ་སོགས་པའི་སྐོར་ ཧ་གོ་ཚུགས་ནི་ཨིན་པས།
ལས་རིམ་དེ་ནང་ ཟླཝ་༦ ནང་འཁོད་ལུ་ ན་གཞོན་ཚུ་གིས་ ལས་སྡེ་ཅིག་ནང་ར་ ལཱ་འབད་སྡོད་ནི་མེན་པར་ ལཱ་སོ་སོའི་ནང་ འགྱོ་ཆོག་ནི་ཨིནམ་བཞིན་དུ་ ཟླཝ་༦ ཚང་ཞིནམ་ལས་ ཐད་ཀར་ལཱ་གཡོག་ལས་རིམ་ནང་ ཚུད་ནི་ཨིན་པས།
ཐད་ཀར་ལཱ་གཡོག་ལས་རིམ་གྱིས་ ན་གཞོན་ཚུ་ ལཱ་གཡོག་ནང་ བཙུགས་ཚུགསཔ་བཟོ་ནི་གི་ དམིགས་དོན་ཚུ་ཡོདཔ་ད་ ཟླཝ་༦ གི་ནང་འཁོད་ལུ་ ན་གཞོན་ཚུ་གིས་ ལཱ་གི་རིག་རྩལ་དང་ ཉམས་མྱོང་ཚུ་ ཐོབ་ཡོདཔ་སྦེ་ བརྩི་འཇོག་འབད་ནི་ཨིན་པས།
ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ བཤད་མིའི་ནང་ ཐད་ཀར་ལཱ་གཡོག་ལས་རིམ་གྱི་ དུས་ཡུན་ཟླཝ་༦ ཚང་ཞིནམ་ལས་ ན་གཞོན་ཚུ་ལུ་ ལཱ་འབད་ནི་ལུ་ དཀའ་ངལ་འབྱུང་ནི་མི་འོང་ཟེར་ཨིནམ་ད་ དེ་ཡང་ ལོ་༡ ནང་འཁོད་ལུ་ ན་གཞོན་ཚུ་གིས་ རིག་རྩལ་དང་ ཉམས་མྱོང་ དེ་ལས་ བློ་སྟོབས་ལ་སོགས་པ་ཚུ་ ཐོབ་མི་ལུ་བརྟེན་ཨིན་པས།
ཧེ་མ་འབད་བ་ཅིན་ ན་གཞོན་ཚུ་ལུ་ ལས་སྡེ་ཚུ་ནང་ ལཱ་འབད་སྡོད་པའི་སྐབས་ གཞུང་གིས་ དངུལ་ཕོགས་བརྒྱ་ཆ་༧༠ རྒྱབ་སྐྱོར་འབད་ཡོད་རུང་ ད་རེས་ གཞུང་གིས་ བརྒྱ་ཆ་༣༠ ལས་བརྒལ་ མི་བྱིན་ནི་ཨིནམ་ད་ དངུལ་ཕོགས་ཚུ་ཡང་ མང་ཤོས་ཅིག་ ལས་སྡེ་ཚུ་གིས་ བྱིན་དགོ་པའི་ཁར་ ལྷན་ཁག་གིས་ ན་གཞོན་ཚུ་ གཙོ་རིམ་དང་ དོན་སྨིན་ཅན་གྱི་ ལཱ་གཡོག་འཐོབ་ནི་གི་ ཐབས་ཤེས་ཚུ་ སྒྲིག་སྟེ་ཡོད་ཟེར་ཨིན་པས།
ཐད་ཀར་ལཱ་གཡོག་ལས་རིམ་ནང་ཡོད་མི་ཚུ་ ལས་སྡེ་ཚུ་གིས་ ཟླ་རིམ་དངུལ་ཕོགས་ ཉིན་བསྟར་གླ་ཆ་ལས་ ཉུང་སུང་སྦེ་ བྱིན་མི་ཆོག་ནི་ཨིནམ་ད་ ན་གཞོན་འབྲེལ་འཛིན་གྱི་འོག་ལུ་ ད་རུང་ དམིགས་བསལ་ལས་རིག་ཅིག་ཡོད་མི་དེ་ དམིགས་བསལ་བཟོ་སྐྲུན་དང་ སོ་ནམ་གྱི་ ལས་སྣ་ཚུ་ནང་ གཙོ་རིམ་བཟུང་སྟེ་ཡོད་མི་དེ་ཡང་ ལོ་༢ ཀྱི་དོན་ལུ་ཨིན་པས།
སོ་ནམ་དང་ བཟོ་སྐྲུན་ནང་ འབྲེལ་འཛིན་འབད་མི་ ན་གཞོན་ཚུ་ལུ་ གཞུང་གིས་ རྒྱབ་སྐྱོར་འབད་ནི་ལུ་ དཀའ་ངལ་མེད་ཟེར་ཨིནམ་ད་ ན་གཞོན་ཚུ་ལུ་ སེམས་ཤུགས་དང་ ཉིན་ལྟར་འཐུས་ཚུ་ བྱིན་འོང་ཟེར་ ལས་གཡོག་བློན་པོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དམིགས་བསལ་ལས་རིམ་དེ་ཡང་ ན་གཞོན་ཚུ་ ལཱ་གཡོག་ནང་འབྲེལ་འཛིན་སྦེ་ བཞག་ཐབས་ལུ་དམིགས་ཏེ་ཨིནམ་ད་ ན་གཞོན་འབྲེལ་འཛིན་གྱི་ ལས་རིམ་ནང་ ལས་སྡེ་ཚུ་གིས་ དངུལ་ཕོགས་དེ་ ཉིན་བསྟར་འཐུས་ལས་ ཉུང་སུ་སྦེ་ བྱིན་མི་ཆོག་ཟེར་ཨི་ནཔས།
ན་གཞོན་ཚུ་ལུ་ དངུལ་ཕོགས་ཟླཝ་རེ་ལུ་ དངུལ་ཀྲམ་༡༥,༠༠༠ རེ་བྱིན་ཏེ་ཡོདཔ་བཞིན་དུ་ ལོ་༢ ཀྱི་ཤུལ་ལས་ ལཱ་གཡོག་འཚོལ་མི་ཚུ་གིས་ ད་རུང་ དངུལ་ཀྲམ་༡༥,༠༠༠ དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
ལས་གཡོག་བློན་པོ་གིས་ གལ་སྲིད་ ན་གཞོན་ཚུ་ལུ་ དངུལ་ཕོགས་མང་ཤོས་ཅིག་ གཞུང་གིས་བཏང་པ་ཅིན་ ཡུན་བརྟན་སྦེ་ གནས་ཚུགས་་པར་ ལཱ་ཁག་གཏང་འོང་ཟེར་ཨིནམ་ད་ ལས་རིམ་དེ་ ཡུན་བརྟན་དང་ དོན་སྨིན་ཅན་བཟོ་ཐབས་ལུ་ ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ཨིན་པས།
གནད་དོན་མང་ཤོས་ནང་ གཞུང་གིས་ དངུལ་ཕོགས་མི་གནང་ནི་ཨིནམ་ལས་ ལས་སྡེ་ཚུ་གིས་ བཟོད་བསྲན་འབད་དགོ་པའི་ཁར་ རྒྱབ་སྐྱོར་དེ་ཡང་ ན་གཞོན་ཚུ་ལུ་ ལཱ་གཡོག་ནང་ སེམས་ཤུགས་དང་ འབྲེལ་འཛིན་གྱི་ རྒྱབ་སྐྱོར་ཚུ་ བྱིན་འོང་ཟེར་ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *