ཁྲག་གི་ཞལ་འདེབས་ བྱིན་པའི་བསྒང་།

དྲུགཔ་ཚེས་༤ གི་དུས་བཟང་ལུ་ མི་གྲངས་༨༣ གྱིས་ ཁྲག་གི་ཞལ་འདེབས་བྱིན་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ མི་སྡེ་ཨིསི་ཀའུཊ་དང་ ཀི་ལིན་བྷུ་ཊཱན་གྱིས་ མཉམ་འབྲེལ་ཐོག་ལས་ མི་གྲངས་༨༣ ལས་ ཁྲག་གི་ཞལ་འདེབས་ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཞལ་འདེབས་དེ་ཡང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཁས་བླངས་པ་༡༢ ཀྱིས་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ཞལ་འདེབས་བྱིན་པར་འོང་མི་ ལ་ལོ་ཅིག་ ཁྲག་ཤུགས་ཀྱི་ གནས་སྟངས་ལུ་བརྟེན་ ཞལ་འདེབས་བྱིན་མ་ཚུགསཔ་ཨིན་པས།
ཞལ་འདེབས་དེ་ཡང་ འབྲུག་མི་ཅིག་ རྒྱ་གར་ལུ་ ཁྲག་མ་ལང་པའི་ དཀའ་ངལ་ཐོན་ཡོད་མི་ལུ་བརྟེན་ མི་སྡེ་བརྡ་བརྒྱུད་ནང་ ཞལ་འདེབས་དགོ་པའི་སྐོར་ལས་ གསལ་བཀོད་འབད་ཡོད་མི་ལུ་ གཞི་བཞག་སྟེ་ མི་ཚེའི་དོན་ལུ་གསོལ་རས་ཟེར་བའི་ བརྗོད་དོན་ཐོག་ ཞལ་འདེབས་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ བཀོད་ཚོགས་ཀྱི་འཐུས་མི་ སློབ་དཔོན་ཚེ་རིང་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གློ་བུར་གྱི་རྐྱེན་ངན་ མ་འབྱུང་པའི་ཧེ་མར་ ཁྲག་གསོག་འཇོག་འབད་དེ་བཞག་པ་ཅིན་ མི་སྡེ་བརྡ་བརྒྱུད་ནང་ ཐོན་དོ་བཟུམ་སྦེ་ དཀའ་ངལ་མི་འཐོན་ནིའི་ རེ་བ་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ལས་རིམ་དེ་གིས་ ན་གཞོན་ཚུ་ལུ་ ཁས་བླངས་འབད་ནི་གི་ སེམས་ཤུགས་སྐྱེད་བཅུག་ཐབས་ལུ་ཨིན་ཟེར་ཨིནམ་ད་ ལས་རིམ་དེ་ཡང་ དུས་བཟང་དང་གཅིག་ཁར་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཚེ་རིང་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ཞལ་འདེབས་བྱིན་ནིའི་ལམ་ལུགས་ ལེ་ཤ་ཡོད་རུང་ ཁྲག་གི་ ཞལ་འདེབས་བྱིན་མི་དེ་ རང་གི་གཟུགས་ཁར་ལས་ ཕངས་སེམས་མེད་པར་ ཞལ་འདེབས་བྱིནམ་ཨིན་ཟེར་ཨིནམ་ད་ ལས་རིམ་འགོ་འདྲེན་འཐབ་མིའི་ འཐུས་མི་གཞན་ སློབ་དཔོན་ཡེ་ཤེས་དོན་གྲུབ་ཀྱིས་འབད་བ་ཅིན་ འབྲུག་མི་ཚུ་གིས་ དུས་བཟང་སྐབས་ ངེས་པར་དུ་ ལྷ་ཁང་ཚུ་ནང་ འགྱོ་དགོ་ཟེར་བའི་ མནོ་ལུགས་ཡོད་མི་དེ་ བསྒྱུར་བཅོས་འབད་ཐབས་ལུ་ཡང་ ཨིན་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཞལ་འདེབས་འབད་མི་ མང་ཤོས་ར་ ན་གཞོན་དང་ མི་སྡེ་ཨིསི་ཀའུཊ་ དེ་ལས་ ཀི་ལིན་བྷུ་ཊཱན་གྱི་འཐུས་མི་ཚུ་ འོང་ཡི་ཟེར་ཨིནམ་ད་ ལས་རིམ་དེ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཁ་ཙ་ ཕུན་ཚོགས་གླིང་ལུ་ ཨིསི་ཀའུཊ་གི་འཐུས་མི་༢ ཀྱིས་ འགོ་འདྲེན་ཐོག་ལས་ ཁྲག་གི་ ཞལ་འདེབས་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *