དོམ་གྱིས་ གནོད་སྐྱོན་རྐྱབ་མི་ ཕོ་སྐྱེས་ཅིག་ སྨན་བཅོས་འབད་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ལྷུན་རྩེ་ སྨན་སྦིས་རྒེད་འོག་ གནས་སྦིས་གཞུང་མཁར་སྤྱི་འོག་ནང་ དོམ་གྱིས་ གནོད་སྐྱོན་རྐྱབ་མི་ ཕོ་སྐྱེས་དེ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་འདུག།

ལྷུན་རྩེ་གི་ ཌོག་ཊར་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ དོམ་གྱིས་ སྐྱེས་ལོ་༢༡ འབད་མི་ ཕོ་སྐྱེས་དེ་གི་ ལྷ་པ་དང་ མགུ་ཏོ་ ཕྱག་ལྟག་ སྒལ་ཏོ་ དེ་ལས་ གཟུགས་ཀྱི་ཡན་ལག་ཚུ་གུ་ རྨ་སྐྱོན་ལེ་ཤ་བཏོན་ནི་དེ་གིས་ གཤག་བཅོས་འབད་ནིའི་དོན་ལུ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡི་ཟེར་ཨིན་པས།

རྐྱེན་ངན་བྱུང་བའི་སྐོར་ལས་ མི་ཚུ་གིས་ བརྡ་ལན་འབད་མི་དང་བསྟུན་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ནདཔ་འབག་མི་ སྣུམ་འཁོར་བཏང་སྟེ་ ལེན་ཡོདཔ་ད་ ཉམས་རྒུདཔ་དང་གཅིག་ཁར་ཡོད་མི་ ཆ་རོགས་ཚུ་ལུ་ དོམ་གྱིས་ གནོད་སྐྱོན་རྐྱབ་མ་ཚུགསཔ་ཨིན་པས།

ཌོག་ཊར་གྱིས་ སླབ་མིའི་ནང་ ཉམས་རྒུདཔ་དེ་ ལེགས་ཤོམ་སྦེ་ དྲག་ནིའི་དོན་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་ནི་མས་ཟེར་ཨིན་པས།

ཉམས་རྒུདཔ་དང་ ཆ་རོགས་ཚུ་ གནས་སྦིས་གཞུང་མཁར་གྱི་ ཚལ་མ་ནང་ལས་ཕར་ ཐོག་༣ པ་ཟེར་མི་ སྔོ་སྨན་གྱི་རིགས་དེ་ འཚོལ་བར་འགྱོ་བའི་སྐབས་ དོམ་དང་ཕྱད་ཡོདཔ་ཨིན་པས།

ཉམས་རྒུདཔ་དང་ ཆ་རོགས་ཚུ་ སྨན་སྦིས་རྒེད་འོག་ལས་མེན་པར་ རྒེད་འོག་གཞན་གྱི་ སོ་ནམ་པ་ཚུ་ཨིནམ་ད་ སྔོ་སྨན་གྱི་རིགས་ ག་ཅི་ར་འབད་རུང་ རང་སོའི་ རྒེད་འོག་གི་ ས་མཚམས་ནང་མ་གཏོགས་ བསྡུ་བསྒྱོམ་འབད་མ་ཆོགཔ་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *