དུས་མིན་བཙན་གཡེམ་གྱི་ བཙོན་ཁྲིམས་ཕོག་མི་གིས་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས།

༉ པཱན་སྦང་དྲུང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་ལུ་ དུས་མིན་བཙན་གཡེམ་གྱི་ གྲབས་གཤོམ་འབད་མི་ལུ་བརྟེན་ དབྱེ་རིམ་༣ པའི་ཉེས་ཆེན་ལུ་འཁྲི་བའི་ཕྱེད་ཀ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་ནུག།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ དྲུང་ཁྲིམས་ཀྱིས་བཏོན་མི་འཁྲུན་ཆོད་དང་འཁྲིལཝ་ད་ སྤྱི་ཟླ་༤ པའི་ཚེས་༢༤ གི་ ནུབ་མོའི་ཆུ་ཚོད་༢ ལུ་ ཉེས་འཛུགས་ཕོག་མི་གིས་ རྩོད་རྩའི་སྒོ་སྒྲིག་སྤོག་སྟེ་ ཁྱིམ་ནང་འཛུལ་ཞིནམ་ལས་ ལོ་ན་མ་སྨིན་པའི་བུམོ་ སྐྱེས་ལོ་༡༢ འབད་མིའི་ མལ་ཆ་ནང་འཛུལ་ཏེ་ དབང་བཙོང་ལུས་འབྲེལ་མ་འབད་རུང་ དུས་མིན་བཙན་གཡེམ་གྱི་ གྲབས་གཤོམ་འབད་ནུག་ཟེར་ཨིན་པས།
ཁྲིམས་འདུན་གྱིས་བཏོན་མི་འཁྲུན་ཆོད་ལུ་ བསམ་པ་མ་རྫོགསཔ་ལས་ མཐོ་གཏུགས་ཞུ་ཆོག་པའི་ ཁྲིམས་ འདུན་བཀའ་རྒྱ་དང་འཁྲིལ་ སྤྱི་ཟླ་༧ པའི་ཚེས་༨ ལུ་ རྩོད་ཟླ་གིས་ ངོ་ཚབ་བཙུགས་ཏེ་ གཞལམ་སྒང་རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ དྲུང་ཁག་ཁྲིམས་འདུན་ལུ་ ཞུ་ཡོདཔ་ཨིན་པས།
བཤེར་བཅུད་དང་འཁྲིལ་བ་ཅིན་ མཐོ་གཏུགས་པ་གིས་ སྤྱི་ལོ་༢༠༡༨ དང་ སྤྱི་ལོ་༢༠༡༩ ཟླ་༢ པའི་ཚེས་༤ ལུ་ རྩོད་རྩའི་ཁྱིམ་གྱི་ སྒོ་སྒྲིག་གི་ ལྕགས་གཟེར་ཚར་༣ དེ་ཅིག་སྤོག་མི་དང་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ཚེས་༣ ལུ་ ཨ་ཝ་བཏང་ཡོད་ལུགས་དང་ སྤྱི་ལོ་༢༠༡༩ ཟླ་༢ པའི་ཚེས་༢ ལུ་ ལོག་སྟེ་ར་ ཁྱིམ་ནང་འཛུལ་ཏེ་ བུམོ་གི་ཉལ་ཁང་འཛུལ་ཏེ་ ཉལ་སྡོད་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་དེ་ རྩོད་ཟླ་ལུ་ སྒོ་སྒྲིག་སྤོག་མི་ཚུ་ ཉམས་བཅོས་བཟོ་དགོཔ་སྦེ་བྱིན་ཡོདཔ་ད་ བུམོ་དེ་ཡང་ གསོ་བའི་བརྟག་དཔྱད་དོན་ལུ་ པཱན་སྦང་སྨན་ཁང་ནང་ བཏང་ཡོདཔ་བཞིན་དུ་ གྲུབ་འབྲས་ཡང་ ལུས་འབྲེལ་འབད་བའི་ གནོད་ཉེན་མེདཔ་སྦེ་ ཐོན་ནུག།
རྩོད་ཟླ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་དཀྲོགས་པར་མེན་པར་ བུམོ་དེ་གི་ཨའི་འབད་སར་ སོང་ཡོདཔ་སྦེ་ཨིན་པས།
རྩོད་ཟླ་དེ་གིས་ སྤྱི་ལོ་༢༠༡༩ ཟླ་༤ པའི་ཚེས་༢༤ ལུ་ ཁྱིམ་གྱི་མནལ་ལྕགས་སྤོག་སྟེ་ བུམོ་དང་གཅིག་ཁར་ ཉལ་ཡོདཔ་མ་ཚད་ ལགཔ་དཀྲོགས་ཡོདཔ་ཨིན་རུང་ ལུས་འབྲེལ་འབད་བའི་སྒྲུབ་བྱེད་མེདཔ་ལས་ ཁྲིམས་འདུན་གྱིས་ དུས་མིན་གྱི་ བཙན་གཡེམ་གྲབས་གཤོམ་གྱི་ ཉེས་འཛུགས་བཀོད་ནུག།
རྩོད་དོན་དེ་གི་སྐོར་ སྟ་གོན་སྙན་གསན་དེ་ སྤྱི་ལོ་༢༠༡༩ ཟླ་༤ པའི་ཚེས་༡ ལུ་འབད་ཡོདཔ་ད་ མཐའ་བསྡོམས་སྙན་གསན་དེ་ སྤྱི་ཟླ་༦ པའི་ཚེས་༤ ལུ་འབད་ནུག།
རྩོད་རྩ་དེ་ གཞལམ་སྒང་རྫོང་ཁག་ པཱན་སྦང་ གཡུས་པཱན་སྟངས་ རྒེད་འོག་འཕང་མཁར་ལས་ སྐྱེས་ལོ་༤༦ ལང་མི་ སོ་ནམ་པ་ཨིནམ་ད་ རྩོད་ཟླ་དེ་ བཀྲིས་སྦིས་གཡུས་ཚན་ རྒེད་འོག་འཕང་མཁར་ལས་ རྩོད་ཟླ་སྐྱེས་ལོ་༢༣ ལང་མི་༢ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *