དུས་ཅི་ སྤྱི་ཟླ་༤ པ་དང་༦ པའི་བར་ནང་ སྐྱ་ནམ་གོང་ཚད་ མར་བབས་སོང་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གསལ་སྟོན་འབད་མི་ གནས་སྡུད་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༤ པ་༥ པ་༦ པ་ཚུན་གྱི་ སྐྱ་ནམ་གོང་ཚད་ཡར་འཕར་གྱི་བརྒྱ་ཆ་དང་ དུས་ཅི་ ཟླཝ་དེ་༣ གྱི་གོང་ཚད་ཚུ་ ག་བསྡུར་འབད་ལྟཝ་ད་ བརྒྱ་ཆ་-༢.༧༧ དང་-༣.༡༧ དེ་ལས་ བརྒྱ་ཆ་-༣.༨༨ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༨ ལོ་དང་ཕྱདཔ་ད་ དུས་ཅི་ བརྒྱ་ཆ་༣.༢༧ མར་བབས་སོང་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ ཟླཝ་དེ་༣ ནང་ བཟོ་སྐྲུན་ལས་སྡེ་ནང་བརྒྱ་ཆ་༦.༥༤ དང་༧.༢༢ དེ་ལས་༨.༦༤ རེ་ མར་བབས་སོང་མི་ལུ་བརྟེན་ཨིན་པས།
དེ་ཡང་ བཟོ་སྐྲུན་ལས་སྡེ་ནང་ ལྕགས་ཀྱི་གོང་ཚད་ མར་བབས་སོང་མི་དེ་གིས་ གོང་ཚད་ལུ་ ཁྱད་པར་སྦོམ་བཟོཝ་ལས་ སྤྱིར་བཏང་གོང་ཚད་ མར་བབས་འགྱོ་ནི་ལུ་ ཁྱད་པར་སྦོམ་ཞུགས་ཡོདཔ་ཨིན་པས།
ཨིན་རུང་ ས་གཏེར་དང་རྡོ་གཏེར་ སྐྱེལ་འདྲེན་ གློག་མེ་ དེ་ལས་ མེ་རླུང་ཚུ་གི་གོང་ཚད་ལུ་ ཡར་སེང་སོང་ཡོདཔ་ད་ དེ་གི་ནང་ལས་ཡང་ གོང་ཚད་མཐོ་ཤོས་ར་ སྐྱེལ་འདྲེན་ལས་སྡེ་ནང་ ཡར་སེང་སོང་ཡོདཔ་ད་ དེ་གི་ཤུལ་ལས་ ས་གཏེར་དང་རྡོ་གཏེར་ དེ་ལས་ ནུས་ཤུགས་དང་ མེ་རླུང་ཚུ་ནང་ ཡར་སེང་སོང་ཡོདཔ་ཨིན་པས།
ཟླ་རིམ་གྱི་ གོང་ཚད་ཁྱད་པར་ལུ་བལྟ་བ་ཅིན་ དུས་ཅི་ སྤྱི་ཟླ་༤ པ་དང་༥ པ་༦ པའི་བར་ན་ གོང་ཚད་བརྒྱ་ཆ་༠.༢༩ དང་༠.༠༤ དེ་ལས་ བརྒྱ་ཆ་༠.༧༧ རེ་ མར་བབས་སོང་ཡོདཔ་ད་ སྤྱིར་སྙོམས་ལུ་ བརྒྱ་ཆ་༠.༣༧ གྱིས་ མར་བབས་སོང་ཡོདཔ་ཨིན་པས།
དེ་ཡང་ བཟོ་སྐྲུན་ལས་སྡེ་ནང་ བརྒྱ་ཆ་༠.༦༦ དང་༠.༡༠ དེ་ལས་༡.༥༩ རེ་ མར་བབས་སོང་མི་ལུ་བརྟེན་ཨིནམ་ད་ ས་གཏེར་ལས་སྡེ་ནང་ སྤྱི་ཟླ་༤ པའི་ནང་ དུམ་གྲ་ཅིག་ ཡར་སེང་སོང་ཡོདཔ་ད་ གཞན་མི་ཟླཝ་༢ ནང་ ཡར་སེང་མེདཔ་ཨིན་པས།
སྐྱེལ་འདྲེན་ལས་སྡེ་ནང་ སྤྱི་ཟླ་༤ པའི་ནང་ བརྒྱ་ཆ་༠.༠༢ མར་བབས་སོང་ཡོདཔ་མ་ཚད་ སྤྱི་ཟླ་༥ པའི་ནང་ཡང་ ཡར་སེང་སོང་ཡོད་རུང་ སྤྱི་ཟླ་༦ པའི་ནང་ བརྒྱ་ཆ་༠.༡༤ མར་བབས་སོང་ཡོདཔ་ཨིན་པས།
ཨིན་རུང་ ཤིང་དུམ་བཏོན་ནི་དང་ གློག་མེ་ འཐུང་ཆུ་བཀྲམ་སྤེལ་ དེ་ལས་ བརྡ་དོན་དང་བརྒྱུད་འབྲེལ་ལས་སྡེ་ཚུ་ནང་ གོང་གི་ཟླཝ་༣ ནང་ གོང་ཚད་ལུ་ བསྒྱུར་བ་མེདཔ་ཨིན་པས།
གོང་ཚད་དེ་ཡང་ ནང་འཁོད་ལས་ཐོན་མི་དང་ ནང་འཁོད་ཀྱི་དོན་ལུ་སྤྱོད་མི་ ཅ་ནམ་དང་ཞབས་ཏོག་ དེ་ལས་ ཕྱིར་བཙོང་འབད་མིའི་རིགས་ཚུ་ ཚུད་པའི་ཁར་ དེ་ཡང་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ཉེ་ཤོས་ཀྱི་ གོང་ཚད་ལུ་གཞི་བཞག་སྟེ་ བཟོཝ་ཨིན་པས།
གནས་སྡུད་ཀྱི་ གནས་གོང་དེ་ཡང་ སྤྱི་ལོ་༢༠༡༡ ལོའི་ སྤྱི་ཟླ་༩ པའི་ནང་ དངུལ་ཀྲམ་༡༠༠ ལུ་གཞི་བཞག་སྟེ་ བཟོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *