དར་དཀར་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་༢༡ ཐོན་ཡོདཔ།

༉ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ དར་དཀར་ནང་རྫོང་ཁག་གི་ མི་སེར་ཚུ་གིས་ འདེམས་ངོ་གདམ་ཁ་རྐྱབ་ནིའི་དོན་ལུ་ གདམ་ཁ་ལེ་ཤ་འཐོབ་ཚུགས་ནི་ཨིན་མི་དེ་ཡང་ རྫོང་ཁག་དེ་ནང་ལས་ འདེམས་ངོ་༢༡ ཐོན་ནི་དེ་གིས་ཨིན་པས།
དེ་ཡང་ དར་དཀར་ནང་རྫོང་ཁག་ནང་ རྒེད་འོག་༡༤ ཡོད་ས་ལས་ ལྷ་མོའི་རྫིང་ཁ་རྒེད་འོག་དེ་ མཐའ་ཟུར་ཅིག་ཨིནམ་ད་ དེ་ནང་ལས་ འདེམས་ངོ་སྦེ་ཐོན་མི་ མཐོ་ཤོས་༥ ཡོདཔ་ད་ དེའི་གྲས་ཁར་ ཀུན་གསལ་ལས་འཛིན་གྱི་ དངུལ་རྩིས་འགོ་དཔོན་བགྲེསཔ་ སུ་རཱཇ་ པར་དཱན་ཨིནམ་ད་ ཁོ་གིས་ ཚོང་པ་ཨིན་མི་ ཀི་རིཤ་ན་ བྷ་དུར་ ཏ་མང་དང་ ད་ལྟོ་ ལཱ་གཡོག་མེད་མི་ པར་ཀཱཤ་ ཤར་མ་དང་ ཚོང་དཔོན་ ཟླ་བ་ནོར་བུ་ཚུ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ཚོང་རིག་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་ཡོད་མི་ སོ་ནམ་པ་ སངས་རྒྱས་སློབ་ཆེན་ཏ་མང་གིས་ ལྷ་མོའི་རྫིང་ཁ་ལས་ དོ་འགྲན་འབད་ནི་ཨིནམ་ད་ རྩེ་བཟང་རྒེད་འོག་ལས་ ཐོ་བཀོད་འབད་མི་ འདེམས་ངོ་༣ ཡོདཔ་ད་ དེ་གི་གྲས་ཁར་ སློབ་དཔོན་བགྲེསཔ་ བསམ་གཏན་རྒྱ་མཚོ་གིས་ བདེ་ཆེན་རྩེ་མོ་སློབ་གྲྭ་ལྟེ་བའི་ སློབ་དཔོན་ཨིན་མི་ རྡོ་རྗེ་ཚེ་རིང་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
རྡོ་རོ་ན་དང་ ལ་རྒྱབ་ སྒོ་ཞིང་ དེ་ལས་ ཀརྨ་གླིང་རྒེད་འོག་ཚུ་ནང་ལས་ འདེམས་ངོ་༢ རེ་ཡོདཔ་ད་ ཚོང་དཔོན་ཨིན་མི་ སུཀ་མཱན་ མོང་གར་དང་ སློབ་དཔོན་ཨིན་མི་ དབང་འདུས་གཉིས་ཀྱིས་ རྡོ་རོ་ན་རྒེད་འོག་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཐིམ་ཕུག་བརྡ་དོན་འཕྲུལ་རིག་གླིང་ཁ་ནང་ གནས་སྐབས་ཀྱི་སློབ་དཔོན་ཨིན་མི་ སཱན་ མཱན་གུ་རུང་དང་ ལ་རྒྱབ་རྒེད་འོག་གི་དོན་ལུ་ མི་འགྱུར་རྡོ་རྗེ་གིས་ དོ་འགྲན་འབད་ནི་ཨིན་པས།
སྒོ་ཞིང་རྒེད་འོག་ལས་ དམག་མི་བགྲེསཔ་ ཀ་མཱལ་ཆེ་ཏི་རི་དང་ མཐོ་རིམ་ཤེས་ཚད་ཡོད་མི་ བསོད་ནམས་ཕུན་ཚོགས་༢ ཨིནམ་ད་ འདེམས་ངོ་ཨམ་སྲུ་ཕུད་རྡོག་༡ ལས་མེད་མི་གིས་ དཀར་ནག་རྒེད་འོག་ལས་ དོ་འགྲན་འབད་ནི་ཨིན་པས།
ཀརྨ་གླིང་དང་ འབྲུག་རྗེས་སྒང་ གེ་སར་གླིང་དང་ བཙན་མདའ་སྒང་རྒེད་འོག་ཚུ་ལས་ འདེམས་ངོ་རེ་ཡོདཔ་ད་ བིར་ཁ་བྷ་དུར་གྱིས་ ཀརྨ་གླིང་དང་ ཟླ་བ་གིས་ འབྲུག་རྗེས་སྒང་ལས་ དོ་འགྲན་འབད་ནི་ཨིན་པས།
ཐིམ་ཕུག་རྫོང་བདག་སྐྱོང་དང་ མཁོ་སྒྲུབ་འགོ་དཔོན་ སངས་རྒྱས་འཕྲིན་ལས་ཀྱིས་ ཁེ་སྦིས་ས་རྒེད་འོག་ལས་ དོ་འགྲན་འབད་ནི་ཨིནམ་ད་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ གནས་ཚུལ་བསྡུ་བཀོདཔ་ཨིན་མི་ སུར་ཇ་མཱན་ཐ་པ་གིས་ གེ་སར་གླིང་རྒེད་འོག་ལས་ དོ་འགྲན་འབད་ནི་ཨིན་པས།
འདེམས་ངོ་ནང་ སློབ་དཔོན་བཞི་པ་ཨིན་མི་ བི་རིན་ཌ་ར་ ཅི་མོ་རའི་ཨིནམ་ད་ ཁོ་གིས་ དར་དཀར་དཔལ་ལ་སློབ་གྲྭ་ལྟེ་བ་ནང་ སློབ་དཔོན་འབད་སྡོད་ཡོདཔ་ད་ ཁོ་གིས་ བཙན་མདའ་སྒང་རྒེད་འོག་ལས་ དོ་འགྲན་འབད་ནི་ཨིན་པས།
ད་ལྟོ་ཚུན་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ དོ་འགྲན་ནང་ བཅའ་མར་གཏོགས་འདོད་ཡོད་མི་ མི་ངོམ་༢༡ གིས་ ཐོ་བཀོད་འབད་ཡོད་པའི་ཁར་ ད་རུང་ ཐོ་བཀོད་འབད་ནིའི་ དང་འདོད་ཡོད་མི་ཚུ་ ཡོད་པའི་སྐོར་ལས་ ལོ་རྒྱུས་ཚུ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཐོ་བཀོད་འབད་མི་ མི་ངོམ་ལ་ལོ་ཅིག་གིས་ དོ་འགྲན་མི་འབད་ནི་བཟུམ་ཡོདཔ་ད་ ནི་ཅུ་ལ་དང་ བཙན་མདའ་སྒང་ དེ་ལས་ ཚང་ཁ་རྒེད་འོག་ཚུ་ནང་ལས་ དོ་འགྲན་འབད་མི་ མེདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *