དར་དཀར་དཔལ་ལ་དང་ དཱལ་བ་རི་བར་ནའི་འཁོར་ལམ།

དར་དཀར་དཔལ་ལ་དང་ དཱལ་བ་རི་བར་ནའི་འཁོར་ལམ་ སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་ཚུགས་ནི།

༉ ལས་འགུལ་འགོ་དཔོན་ཚུ་དང་འཁྲིལཝ་ད་ དུས་ཅིའི་ ལོ་ཕྱེད་ལུ་ ནང་མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་མི་ དར་དཀར་ནང་རྫོང་ཁག་ དར་དཀར་དཔལ་ལ་དང་ དཱལ་བ་རི་བར་ནའི་ རྒྱལ་ཡོངས་གཞུང་ལམ་༢ པ་དེ་ སྤྱི་ཟླ་༡༢ པ་ཚུན་ འགོར་ནི་བཟུམ་ཅིག་ཡོདཔ་ཨིན་པས།

དེ་ཡང་ ལྷ་མོའི་རྫིང་ཁ་འོག་ལུ་ཡོད་པའི་ ནིར་ཁོ་ལ་དང་ སི་སི་ཐང་ཁོ་ལ་ཟམ་དང་ བཙན་མདའ་སྒང་འོག་ལུ་ཡོད་པའི་ ས་མེར་ཆུའི་ཟམ་རྐྱབ་ནིའི་ལཱ་ཚུ་ གནམ་བྱཱར་ཆརཔ་རྐྱབ་མི་ལུ་བརྟེན་ དུས་ཡུན་རིངམོ་སྦེ་ར་ འགོར་ནི་ཨིན་པས།

ལས་འགུལ་འགོ་འདྲེན་པ་ པདྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཆུ་བྲེས་ནི་དེ་གིས་ ལཱ་གི་གྲུབ་འབྲས་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིན་པས།

ལྷ་མོའི་རྫིང་ཁ་དང་ དགེ་སར་གླིང་བར་ན་ འཁོར་ལམ་རིང་ཚད་ཀི་ལོ་མི་ཊར་༨༠.༥༨ ཡོད་ས་ལས་༦ རྐྱངམ་གཅིག་ རྩི་ནག་གཏང་མ་ཚར་ལུས་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྩི་ནག་གཏང་ནིའི་ལཱ་ཚུ་ ཆརཔ་གི་དུས་ཚོད་ མཇུག་བསྡུ་བའི་ཤུལ་ལས་ འཕྲོ་མཐུད་འགོ་བཙུགས་འོང་ཟེར་ཨིན་པས།

པདྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ལཱ་མཇུག་མ་བསྡུ་རུང་ འཁོར་ལམ་བདའ་སྟེ་ གནད་དོན་གལ་ཅན་ལུ་བརྟེན་ དྲུང་ཁག་དང་ རྫོང་ཁག་བར་ན་ འགྲོ་འགྲུལ་འབད་མི་སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་བཅུག་ཡི་ཟེར་ཨིན་པས།

དར་དཀར་ནང་རྫོང་ཁག་ བཙན་མདའ་སྒང་དང་ རྡོ་རོ་ནང་ དགེ་སར་གླིང་ དེ་ལས་ ཀརྨ་གླིང་བརྒྱུད་དེ་ འགྱོ་མི་ལམ་དེ་གིས་ ས་གནས་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།

ལས་འགུལ་དེ་ ནི་དར་ལེནཌི་དང་ འབྲུག་གཞུང་གིས་ མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡.༤ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *