དམངས་གཙོའི་རིང་ལུགས་ཀྱི་ གྲུབ་འབྲས་ལུ་ འོས་འབབ་བལྟ་ནི་དེ་ གལ་ཆེ།

༉ དུས་ཅི་ལས་འགོ་བཙུགས་ སང་ཕོད་ཚུན་ དུས་ཡུན་ཟླ་ངོ་༡༠ ལྷགཔ་ཅིག་གི་ནང་འཁོད་ གོང་འཕེལ་དང་ འཆར་གཞིའི་ཕྱག་ལཱ་གནང་དགོཔ་ ལེ་ཤ་ཅིག་ར་ཡོད་རུང་ གཞུང་གསར་རྙིང་བརྗེ་སོར་འབད་ནི་དེ་ཡང་ དུས་ཚོད་དེ་ཁར་ འབྱུང་ནི་ཨིན་མས།
དེ་འབད་ནི་དེ་གིས་ ད་ལྟོ་ ཕྱག་ཞུ་བཞིན་དུ་ཡོད་མི་ འཐུས་མི་ཚུ་ལུ་ འགན་ཁུར་སྦོམ་ར་ ཕོག་སྟེ་ཡོདཔ་ལས་ རང་སོའི་ ལྕོགས་གྲུབ་དང་ ལཱ་ཤུལ་ཚུ་ ག་དེ་སྦེ་ར་ བཏོན་ཡོདཔ་ཨིན་ན་ཚུ་ ཧ་ལམ་ སང་ཕོད་ཀྱི་ ལོ་བར་མཚམས་ལུ་ མི་མང་གིས་ ཤེས་གསལ་ཐོག་ལས་ གྲུབ་འབྲས་འཐོན་འོང་།
ག་འཆརཔ་ཟེར་བ་ཅིན་ གཞུང་གི་ ཕྱག་འགན་བཞེས་པའི་སྐབས་ལུ་ གཞུང་དང་ མི་སེར་ ཚོང་པ་ ལས་འཛིན་ སྒེར་སྡེ་ཚུ་ལུ་ ཕན་ཐོགས་དང་ ཁེ་ཕན་ཚུ་ ག་དེ་སྦེ་ར་ བྱུང་ཡོདཔ་ཨིན་ན་ ད་ལྟོ་ལས་ར་ ཆུ་དྭངསམ་བ་ ཉ་གསལཝ་སྦེ་ ཧ་གོ་ཚུགས་ནི་ཨིན་རུང་ ཕྱིའི་རྣམ་གཞག་ལུ་ སྤྱིར་བཏང་ག་ཨིནམ་སྦེ་ར་ སྡོད་ནི་དེ་གིས་ཨིན།
དམངས་གཙོའི་གཞུང་དབུ་བརྙེས་ཏེ་ ལོ་༩ ལང་ཡོད་མི་དེ་ ང་བཅས་ག་ར་གིས་ ཤེས་གསལ་ལུ་ཡོད་རུང་ དེ་ཁར་ དབང་འཛིན་གྱི་ ལག་ལེན་བསྟར་སྤྱོད་འབདཝ་ད་ ལམ་ལུགས་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་དང་ དབང་ཚད་ཚུ་ ག་ཅི་བཟུམ་ཅིག་ བསྟར་སྤྱོད་འབད་ཡོདཔ་ཨིན་ན་ མི་སེར་ཚུ་གིས་ འདས་པའི་ལོའི་ཉམས་མྱོང་ སྦོམ་སྦེ་ར་ཐོབ་ཡོདཔ་ཨིན།
ད་ལས་ཕར་ མི་སེར་ཚུ་ལུ་ཕོག་པའི་ འགན་ཁུར་དེ་ ཚོགས་རྒྱན་གྱི་ ཐོབ་དབང་དང་ བཙག་འཐུ་ལས་གྲུབ་མི་ སྤྱི་གཡོགཔ་ཚུ་གི་ འགན་ཁུར་དེ་ མི་སེར་དང་ གཞུང་གི་བར་ན་ གོང་འཕེལ་གྱི་ལས་རིམ་ དྲང་བདེན་དང་ གཅིག་མཚུངས་ཐོག་ལས་ ལཱ་བྱ་འཐབ་ནི་དེ་ཨིནམ་ལས་ ད་ཚུན་གྱི་རིང་ལུ་ འོས་འབབ་དང་ལྡན་པའི་ གྲུབ་འབྲས་ཚུ་ ག་དེ་སྦེ་ར་ བྱུང་ཡི་ག་ སྤྱི་ལོ་༢༠༡༨ ཀྱི་ གྲུབ་འབྲས་ལུ་ བལྟ་བ་ཅིན་ ཤེས་ཚུགས་ནི་ཨིན་མས།
གཙུག་སྡེ་དང་ གཞུང་སྐྱོང་ཚོགས་པའི་ ཁ་ཐུག་ལས་ མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ ཕྱག་ལཱ་གནང་དོ་ཟེར་མི་དང་ བར་འབྲེལ་བ་ཚུ་གིས་ དེ་ལུ་སྐྱོན་བརྗོད་ཡོད་པའི་ གསལ་སྟོན་འབད་ནི་ ལྡོག་ཕྱོགས་ཀྱིས་ རྣམ་དག་མེད་པའི་ ལཱ་བྱ་ཚུ་ལུ་ དོགས་སེལ་ཚུ་ མི་མང་གི་གདོང་ཁར་ རྒྱང་བསྒྲགས་དང་ གསར་ཤོག་གི་ཐོག་ལས་ འགག་བཤེར་དང་ རྩོད་འགྲན་ཐོག་ གསལ་སྟོན་འབདཝ་ད་ མི་སེར་ག་ར་ དྲན་ཤེས་བསྐྱེད་དགོཔ་དེ་ཡང་ གལ་ཆེ་བས།
སྤྱི་ལོ་༢༠༡༨ ཀྱི་དོན་ལུ་ སྲིད་དོན་ཚོགས་པ་གསརཔ་ཐོན་མི་དང་ ཚོགས་པ་རྙིངམ་ཚུ་གིས་ ཁས་བླངས་གསལ་བསྒྲགས་ཚུ་ འདྲ་མིན་སྣ་ཚོགས་འབད་ནི་ཨིནམ་ལས་ ཁས་བླངས་གསལ་བསྒྲགས་ འབདཝ་ཙམ་ཅིག་གིས་ འགྲུབ་ཚུགས་པའི་ འོས་འབབ་ཡོད་མེད་ འདས་པའི་ཉམས་མྱོང་ཐོག་ལས་ ཚོགས་རྒྱན་གྱི་ དམིགས་གཏད་བསྐྱེད་ནི་དེ་ཡང་གལ་ཆེ།
རང་ལུ་ཡོད་པའི་ ཐོབ་དབང་དེ་ རོགས་ལུ་བྱིན་ཚར་བའི་ཤུལ་ལུ་ དེ་གི་གྲུབ་འབྲས་ཚུ་ བྱུང་ཡོད་མེད་ བལྟ་དགོཔ་གལ་ཆེཝ་ལས་ འཐུས་ཤོར་དུམ་གྲ་རེ་ བྱུངམ་ཙམ་ཅིག་ལུ་ གཞི་བཟུང་འབད་ནི་མིན་པར་ རྒྱལ་ཁབ་ཀྱི་ མཐའ་དོན་གྲུབ་མི་དེ་ ག་ཅི་བཟུམ་ཅིག་ལུ་ རག་ལསཔ་ཨིན་ན་ ཧ་གོ་དགོཔ་འདུག།
འབྲུག་པའི་མི་སེར་ཚུ་ དམངས་གཙོའི་རིང་ལུགས་ཀྱི་ གཞུང་འགོ་བཙུགས་ཏེ་ ལམ་ལུགས་ཚུ་ ན་འཐན་ར་ ཧ་གོ་ནིའི་ དུས་ཚོད་རན་ཡོདཔ་ལས་ ག་ར་གིས་ དྲན་ཤེས་ཐེབས་ཅིག་ར་བཏོན་ཏེ་ ཚོགས་རྒྱན་བཙུགས་པ་ཅིན་ དེ་གིས་ མ་འོངས་ཡུན་རིང་ལུ་ ཕན་རླབས་སྦོམ་ར་ འབྱུང་ཚུགས་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།

༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …

Leave a Reply

Your email address will not be published. Required fields are marked *