གསར་བསྒྲུབས་འབད་མི་ དམག་མི་བགྲེསཔ་ཚུ་གི་ མགྱོན་ཁྱིམ།

དམག་མི་བགྲེསཔ་ཚུ་གི་དོན་ལུ་ མགྱོན་ཁྱིམ་གསརཔ་ཅིག་ འགོ་འབྱེད་མཛད་ཡོདཔ།

༉ ཁ་ཙ་ མི་དབང་རྒྱལ་ཚབ་ མཆོག་གིས་ མོང་སྒར་ལུ་སྦེ་ དམག་མི་བགྲེསཔ་ཚུ་གི་དོན་ལུ་ བཟོ་སྐྲུན་འབད་མི་ མགྱོན་ཁྱིམ་གསརཔ་དེ་ འགོ་འབྱེད་གནང་ཡི།

ཁང་ཚན་༣༡ འབད་མི་ མགྱོན་ཁྱིམ་དེ་ སྤྱི་ལོ་༢༠༡༦ གི་ ཟླཝ་༩ པའི་ནང་ མི་དབང་རྒྱལ་ཚབ་མཆོག་གིས་ འགོ་འབྱེད་མཛད་ཡོད་རུང་ ཉམས་བཅོས་འབད་དགོཔ་ཐོནམ་ལས་ ལག་ལེན་འཐབ་ནི་ལུ་ དུས་ཚོད་ཕྱིས་ཡོདཔ་ཨིན་པས།

མགྱོན་ཁྱིམ་དེ་ དམག་མི་བགྲེསཔ་དང་ ཁོང་རའི་བཟའ་ཚང་ཚུ་ མོང་སྒར་ལུ་ སྨན་བཅོས་ཀྱི་དོན་ལུ་ འོང་པའི་སྐབས་དང་ ཕར་ཚུར་འགྲོ་འགྲུལ་འབད་བའི་སྐབས་ལུ་ འཐུས་སྤྲོད་མ་དགོཔ་སྦེ་ སྡོད་ནིའི་དོན་ལུ་ཨིན་རུང་ བཞེས་སྒོའི་ཐད་ཁར་ ཏི་རུ་དུམ་གྲ་རེ་ སྤྲོད་དགོཔ་ཨིན་པས།

མགྱོན་ཁྱིམ་དེ་ མི་དབང་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ རྐྱབ་ཡོདཔ་བཞིན་དུ་ དམག་བགྲེས་ཚོགས་པ་གིས་ འཛིན་སྐྱོང་འཐབ་ནི་ཨིན་པས།

མགྱོན་ཁྱིམ་གྱི་ ཞབས་ཏོག་ལེན་ནིའི་དོན་ལུ་ སྤྱོད་འཐུས་མ་ཕོག་པའི་ བརྒྱུད་འཕྲིན་ཨང་༩༩༩ གི་ཐོག་ལས་ འབྲེལ་བ་འཐབ་ཚུགས་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *