དབང་བཙོང་འདོད་སྤྱོད་འབད་མི་ཕོ་སྐྱེས་ འཚོལ་མ་འཐོབ་པར་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ སྐྱེས་ལོ་༨ ལང་མི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ་ལས་ བསམ་རྩེ་ཁྲིམས་སྲུང་འགག་པ་གིས་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།

བསམ་རྩེ་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཉི་མ་འབྲུག་པ་གིས་ བཤད་མིའི་ནང་ དབང་བཙོང་འདོད་སྤྱོད་ཀྱི་ གནས་ཚུལ་གོ་བའི་ཤུལ་ལུ་ རྫོང་ཁག་གི་ མི་སེར་ཚུ་ སེམས་ཕམ་བྱུང་སྟེ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བྱ་ངན་འཐབ་མི་དེ་ ཁྲིམས་སྲུང་འགག་པ་གིས་ འཕྲལ་མགྱོགས་ར་ འཛིན་བཟུང་  འབད་ཚུགས་པའི་ རེ་བ་ཡོདཔ་བཞིན་དུ་ མི་སེར་གྱི་ ཁ་ཐུག་ལས་འབད་རུང་ འགག་སྡེ་ལུ་ རྒྱབ་སྐྱོར་འབད་བཞིན་དུ་ཡོད་ཟེར་ཨིན་པས།

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་འབྲུག་པ་གིས་ སླབ་མིའི་ནང་ བསམ་རྩེ་ལུ་ ལྷན་ཚོགས་ཀྱི་ མཉམ་འབྲེལ་བ་ཅིག་ཡོད་མི་དེ་གིས་ ཉམས་རྒུདཔ་དང་ མོ་རའི་བཟའ་ཚང་ཚུ་དང་ འབྲེལ་བ་འཐབ་སྟེ་ར་ཡོད་ཟེར་ཨིནམ་ད་   ཡིག་ཚང་ལྟེ་བ་ལས་འབད་རུང་ བསླབ་སྟོན་པ་ཚུ་གིས་ བུམོ་དེ་དང་ མོ་ར་བདག་འཛིན་འཐབ་མི་ཚུ་དང་ འབྲེལ་བ་འཐབ་སྟེ་ཡོད་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་དང་ འགྲོ་འགྲུལ་བཀག་འཛིན་ཚུ་ལུ་བརྟེན་ བསླབ་བྱ་ཚུ་ བརྒྱུད་འཕྲིན་ཐོག་ལས་ བྱིནམ་མ་ཚད་ མ་འོངས་པ་ལུ་ དེ་བཟུམ་མའི་ བྱ་ངན་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ གྲོས་བསྡུར་འབད་དོ་ཟེར་ ཀརྨ་འབྲུག་པ་གིས་ བཤདཔ་ཨིན་པས།

ཨམ་སྲུ་དང་ཨ་ལོའི་ཆ་གཞག་དང་ཡར་སྐྱེད་ལས་སྡེའི་ ལས་རིམ་དང་ཞབས་ཏོག་ལྟེ་བའི་མདོ་ཆེན་ མཁའ་དབང་མི་ནག་ཤི་རའེ་གིས་ སླབ་མིའི་ནང་   གནད་དོན་ཚུ་ ཁོང་གི་ཡིག་ཚང་ནང་ སྙན་ཞུ་འབད་བ་ཅིན་ ག་དེ་དྲག་དྲག་ ཆ་རོགས་འབད་འོང་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ འདི་བཟུམ་མའི་ སྙན་ཞུ་མ་ལྷོད་ཟེར་ཨིན་པས།

གནས་ཚུལ་བསྡུ་བཀོདཔ་ཚུ་གིས་འབད་རུང་ ཉམས་རྒུདཔ་དང་ ཁོང་རའི་ བཟའ་ཚང་ཚུ་ལུ་ བརྙས་བཅོས་དང་ ངོ་ཚ་ནི་ལ་སོགས་པའི་ གནད་དོན་ཚུ་གསལ་བཀོད་འབདཝ་ད་ དེ་ཚུ་ཡང་ སེམས་ཁར་བཞག་དགོཔ་ གལ་ཆེ་ཟེར་ཨིན་པས།

ཀརྨ་འབྲུག་པ་གིས་ སླབ་མིའི་ནང་   གཟབ་གཟབ་འབད་དགོ་པའི་ གནད་དོན་ཚུ་ནང་ལྷོདཔ་ད་ ཉམས་རྒུདཔ་དང་ བཟའ་ཚང་ཚུ་ལུ་ བརྩི་མཐོང་དང་ གུས་ཞབས་འབད་དགོ་ཟེར་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ འཕྲལ་ཁམས་ཅིག་ཁར་ རྐྱེན་ངན་བྱུང་མི་ལུ་གཞི་བཞག་སྟེ་ ད་ལས་ཕར་ དབང་བཙོང་ལུས་འབྲེལ་དང་འབྲེལ་བའི་ གནད་དོན་ཚུ་ མར་ཕབ་དང་ བཀག་འཛིན་འབད་ཐབས་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་སྲུང་འགག་སྡེ་དང་ མཉམ་རུབ་ཐོག་ལས་ ཞིབ་འཚོལ་དང་ རྩོད་བཤེར་ཚུ་ ག་དེ་མགྱོགས་མགྱོགས་ འགོ་འདྲེན་འཐབ་ནི་འོང་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ པདྨ་ཆོས་སྐྱིད།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *