དབང་བཙོང་འདོད་སྤྱོད་ཀྱི་ རྩོད་དོན་ཚུ་ལུ་ གཙོ་རིམ་ཅན་སྦེ་ དབྱེ་ཞིབ་འབད་ནི།

༉ འཕྲལ་ཁམས་ཅིག་ཁར་ ན་ཆུང་བུམོ་ཚུ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་སྐོར་དང་ གཞན་ལུས་འབྲེལ་དང་འབྲེལ་བའི་ གནད་དོན་ཐོན་མི་ལུ་ རྒྱལ་ཁམས་ཀྱི་རྩོད་བཤེར་གཙུག་སྡེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཚ་གྱང་ཕོག་སྟེ་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དེ་བཟུམ་མའི་ བྱ་ངན་འབད་མི་ཚུ་ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་དེ་ ཁྲིམས་འདུན་ཚུ་ལུ་ ཉེས་ཁྲིམས་མཐོ་ཤོས་བཀལ་དགོ་པའི་ ཞུ་བ་འབད་བཞིན་དུ་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ སྐྱེས་ལོ་༡༢ འོག་རྒྱུ་དང་ སྐྱེས་ལོ་༨ ལང་མི་བུམོ་ཅུང་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་སྐོར་ལས་ གནས་ཚུལ་ཐོན་མི་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོད་ཟེར་ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ད་ལས་ཕར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཁྲིམས་སྲུང་འགག་སྡེ་གིས་ དེ་བཟུམ་མའི་ བྱ་ངན་འབད་མི་ཚུ་ལུ་ ཉེས་ཁྲིམས་མཐོ་ཤོས་ བཀལ་དགོ་པའི་ ཞུ་བ་འབད་ནི་དང་ ཞིབ་དཔྱད་ཚུ་ཡང་ གཙོ་རིམ་བྱིན་ཏེ་ འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

འབྲུག་རྒྱལ་ཁབ་འདི་ ཉེན་སྲུང་ལྡན་པའི་ རྒྱལ་ཁབ་ཅིག་སྦེ་ ཆ་བཞག་པའི་ཁར་ མི་ཚུ་ཡང་ ཁྲིམས་ལུ་ཆ་གནས་དང་ བརྩི་མཐོང་བསྐྱེད་མི་ཨིནམ་སྦེ་ ཆ་བཞགཔ་ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཁྲིམས་སྲུང་འགག་སྡེ་གིས་ ཨ་ལོ་དང་ ཨམ་སྲུ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ཐབས་ལུ་ བྱ་ངན་དེ་བཟུམ་འབད་མི་ཚུ་ལས་ བཀག་ཐབས་དང་ གདོང་ལེན་ཚུ་ འབད་ནི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

སྤྱི་ཟླ་༦ པའི་ཚེས་༡༠ ལུ་ བསམ་རྩེ་རྫོག་ཁག་གི་ རྒེད་འོག་ཅིག་ནང་ཡང་ སྐྱེས་ལོ་༨ ལང་མི་ སློབ་རིམ་༢ པའི་བུམོ་ཅུང་ཅིག་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་ཨིན་པས།

ཁ་ཙ་ཚུན་གྱི་ སྙན་ཞུ་དང་འཁྲིལཝ་ད་ བྱ་ངན་འབད་མི་དེ་ འཚོལ་བའི་བསྒང་ཡོདཔ་ད་ བྱ་ངན་དེ་ བཀྲིས་ཆོས་གླིང་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།

ཉམས་རྒུདཔ་བུམོ་དེ་ བསམ་རྩེ་ལུ་ སྤུན་ཆ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དེ་དང་གཅིག་ཁར་ ཐིམ་ཕུག་ལྕང་ཇི་ཇི་ལུ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ གློག་མེ་ཀཝ་ཅིག་ འགྱེལ་འོངམ་ད་ སྐྱེས་ལོ་༥༨ ལང་མི་ ཨམ་སྲུ་ཅིག་ལུ་ཕོག་སྟེ་ རྨ་སྐྱོན་བྱུང་མིའི་ ཞིབ་དཔྱད་སྙན་ཞུ་ཡང་ བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་པས།

བསྐྱར་ཞིབ་འབད་ཚར་བའི་ཤུལ་ལས་ འབྲེལ་ཡོད་དབང་འཛིན་དེ་ ཁྲིམས་སར་བསྐྱལ་ཏེ་ རྩོད་བཤེར་འབད་ནིའི་ འོས་འབབ་ཡང་ བལྟ་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *