དཔེ་དེབ་རྩོམ་པ་པོ་ ལོག་སྟེ་ར་ དོ་དམ་འོག་ལུ་བཏང་ཡོདཔ།

༉ ད་རིས་དྲོ་པར་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱིས་ སྟག་རྩེ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་བགྲེསཔ་དེ་གི་ གློད་གྲོལ་ཆ་མེད་བཏང་སྟེ་ ལོག་སྟེ་ར་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་ཡང་ བརྡབ་གསིག་འཁྲིག་ཆགས་ཀྱི་ རྩོད་བཤེར་ནང་ ཉེས་འཛུགས་ཅན་གྱིས་ དཔེ་དེབ་ཊར་ནིང་པོནཊ་ཟེར་མི་ཅིག་ རྩོམ་སྒྲིག་དང་ པར་སྐྲུན་འབད་དེ་ མི་མང་ལུ་བཙོང་ནི་ འགོ་བཙུགས་མི་དེ་ ཁ་ཙ་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་གིས་ བཀག་དམ་གྱི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་མ་ཚད་ ཀི་དེབ་ནང་ ད་ལྟོ་རྩོད་གཞི་ཕྱེ་འཕྲོ་ཡོད་མིའི་ གནད་དོན་ཚུ་ གསལ་བཀོད་འབད་དེ་ ཡོད་མི་ལུ་བརྟེན་ གློད་གྲོལ་ཡང་ ཆ་མེད་གཏང་གནང་དགོ་པའི་ ཞུ་བ་ཕུལ་བའི་ཤུལ་ལས་ ད་རིས་ ཁྲིམས་འདུན་གྱིས་ སྙན་གསན་མཛད་པའི་ཤུལ་ལུ་ ཉེས་འཛུགས་ཅན་དེ་ ཡང་བསྐྱར་དུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཏང་ཡོད་པའི་གནས་ཚུལ་མདོར་བསྡུས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *