དཔལ་འབྱོར་ཚོང་ལས་ཚུ་ལུ་ སྐྱེལ་འདྲེན་དང་ སྐྱེད་མཐོ་དྲགས་ མཐུན་རྐྱེན་ལངམ་མེད་པའི་གདོང་ལེན།

༉ གཞུང་མིན་དང་ མཉམ་ལས་ཚོགས་སྡེ་ དེ་ལས་ སོ་ནམ་པའི་སྡེ་ཚན་བརྒྱ་ཆ་༩༠ དེ་ཅིག་གིས་ རྒྱལ་ཁབ་ནང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ འཁོར་ལམ་དང་ གློག་མེའི་མཐུན་རྐྱེན་ དེ་ལས་ སྐྱེལ་འདྲེན་དང་ངན་ལྷད་ བྱ་ངན་ལ་སོགས་པའི་ གདོང་ལེན་སྦོམ་འདུག་ཟེར་ཨིན་པས།
དེ་གིས་མ་དོ་བར་ ཚོང་ལཱ་འབད་མི་ བརྒྱ་ཆ་༨༠ དེ་ཅིག་གིས་ དངུལ་འབྲེལ་འཐོབ་ནི་དང་ སྐྱེད་ཀྱི་བརྒྱ་ཆ་ མཐོ་དྲགས་མི་ཚུ་ཨིནམ་སྦེ་ བཤད་པའི་ཁར་ ཚོང་ལཱ་འབད་མི་ཚུ་གིས་ གདོང་ལེན་ཆུང་ཤོས་ར་ གཞུང་གི་ཡིག་ཚང་ཚུ་གིས་ མཐུན་རྐྱེན་ཚུ་ལག་ལེན་འཐབ་ནི་དང་ དུས་ཚོད་ཁར་ ཉོགས་མེད་ཐོབ་མི་དེ་༢ ཨིནམ་སྦེ་ ངོས་འཛིན་འབད་ནུག།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གནས་སྡུད་བསྡུ་སྒྲིག་འབད་མི་དང་འཁྲིལཝ་ད་ ཚོང་ལཱ་འགོ་བཙུགས་པའི་སྐབས་ གདོང་ལེན་གཞན་མི་དེ་ གཞུང་འབྲེལ་ཐོག་ལས་ གཞི་བཙུགས་མ་འབད་མི་ ཚོང་ལཱ་ཚུ་དང་གཅིག་ཁར་ དོ་འགྲན་འབད་དགོ་མི་དེ་ཨིནམ་སྦེ་ བཀོད་ནུག།
གདོང་ལེན་དེ་གིས་ ཚོང་འབྲེལ་གཞི་བཙུགས་འབད་ནི་ལུ་ གདོང་ལེན་བརྒྱ་ཆ་༢༠ དེ་ཅིག་ འབད་ཡོདཔ་སྦེ་ བཀོད་ཡོདཔ་ད་ སྐྱེལ་འདྲེན་དང་ ཆུའི་གདོང་ལེན་ཐོན་མི་ བརྒྱ་ཆ་༣༠ ལྷགཔ་ཅིག་ལུ་ བྱུང་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ ཤེས་ཡོན་དང་རིག་རྩལ་ཅན་གྱི་ ལས་མི་མ་འཐོབ་མི་དང་ སྐྱིན་འགྲུལ་གྱི་བརྒྱ་ཆ་མཐོ་དྲགས་མི་དང་ མཐུན་རྐྱེན་ཚུ་མེད་པའི་ གདོང་ལེན་བྱུང་མི་ བརྒྱ་ཆ་༡༠ དང་༢༠ གི་བར་ན་ ཡོདཔ་སྦེ་ཨིན་པས།
གདོང་ལེན་གཞན་ཚུ་ བརྒྱ་དཔྱ་ལས་བཅད་པ་ཅིན་ བརྒྱ་ཆ་༡༠ དེ་ཅིག་གི་རྩིས་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ སྙན་ཞུ་དེ་ཡང་ བཀོད་འཛིན་གྱིས་ འབྲུག་གི་དཔལ་འབྱོར་དང་ ཚོང་ལས་གྲངས་རྩིས་ཀྱི་ གནས་སྡུད་འགོ་དང་པ་ བསྡུ་སྒྲིག་འབད་མི་དང་འཁྲིལ་ཨིན་པས།
གཞུང་དབང་ལས་སྡེ་དང་ སོ་ནམ་པའི་མཉམ་ལས་སྡེ་ཚན་ཚུ་ལུ་ ཚོང་ལས་༢༠ ལས་༨ དེ་ཅིག་ གདོང་ལེན་བྱུང་མི་ལས་ ཆུའི་གདོང་ལེན་དེ་ མཐོ་ཤོས་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྐྱེལ་འདྲེན་དང་གཞུང་མིན་ཐོག་ལས་ གཞི་བཙུགས་འབད་མི་ ཚོང་ལས་ཚུ་དང་གཅིག་ཁར་ དོ་འགྲན་འབད་དགོ་པའི་ གདན་དོན་བྱུང་མི་དེ་ཡང་ མཐོ་སུ་སྦེ་ར་ ཡོདཔ་ཨིན་པས།
གཞུང་མིན་ལས་སྡེ་ཚུ་ལུ་འབད་བ་ཅིན་ ས་ཆ་དང་མཐུན་རྐྱེན་ དེ་ལས་ སྐྱེལ་འདྲེན་དེ་ གདོང་ལེན་སྦོམ་ཤོས་ཡོད་པའི་ཁར་ སྤྱིར་བཏང་གདོང་ལེན་ཚུའི་གྲས་ལས་ ཆུ་དང་སྐྱེལ་འདྲེན་དེ་ ཡོངས་གྲགས་ཅིག་སྦེ་ ཐོན་ཡོདཔ་ཨིན་པས།
བཀོད་འཛིན་གྱི་ ཞིབ་འཚོལ་དང་འཁྲིལཝ་ད་ ཚོང་ལས་བརྒྱ་ཆ་༦༠ དེ་ཅིག་དེ་ རྫོང་ཁག་༢༠ ལས་༦ ནང་ བཙུགས་ཏེ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཚོང་ལས་ཚུ་ནང་ མང་ཤོས་ར་ ངོ་རྐྱང་དང་ མཉམ་ལས་ཐོག་ལས་ གཞི་བཙུགས་འབད་མི་ཚུ་ཡོདཔ་ཨིན་པས།
རང་རྐྱང་དང་མཉམ་ལས་ཐོག་ལས་ གཞི་བཙུགས་འབད་མི་ ཚོང་ལས་མང་ཤོས་ར་ གཞི་བཙུགས་འབད་དེ་ ལོ་ངོ་ཕྱེད་དང་༧ དེ་ཅིག་ འགྱོ་མི་ཚུ་ཡོད་པའི་ཁར་ ཕྱེད་ཀ་དེ་ཅིག་ འགོ་བཙུགས་ཏེ་ ལོ་༤ མ་ལང་མི་ཚུ་ཡོདཔ་ཨིན་པས།
དེ་མ་ཚད་ འབྲུག་པའི་ཚོང་ལས་མང་ཤོས་ར་ དཔལ་འབྱོར་དག་པ་ཅིག་ལུ་ གཙོ་བོར་བཟུང་སྟེ་ གཞི་བཙུགས་འབད་མི་ཚུ་ཡོདཔ་ཨིནམ་ད་ རང་རྐྱང་དང་ མཉམ་ལས་ཐོག་ལས་ བཙུགས་མི་ཚོང་ལས་ཚུ་ནང་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་ཉུང་སུ་ཡོདཔ་ཨིན་པས།
གནས་སྡུད་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིནམ་ལས་ དེ་གིས་ རྒྱལ་ཁབ་ཀྱི་ སྲིད་བྱུས་བརྩམ་ནི་དང་ འཆར་གཞི་བཟོ་ནི་ དེ་ལས་ མ་འོངས་པ་ལུ་ དཔལ་འབྱོར་དང་འབྲེལ་བའི་གནས་སྟངས་དེ་ ག་བཟུམ་ཅིག་ལུ་ འགྱོ་ནི་ཨིན་ན་ཚུ་ ཤེས་ཚུགས་ནི་ཨིན་པས།
གྲངས་རྩིས་གསལ་སྟོན་འབད་བའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཤུལ་མམ་གི་གནས་སྡུད་དེ་ སྤྱི་ལོ་༢༠༢༣ བར་ཁམས་ཅིག་ནང་ གསལ་སྟོན་འབད་བ་ཅིན་ མ་འོངས་པའི་སྲིད་དོན་ཚོགས་པ་ཚུ་གིས་ ཁས་བླངས་ཚུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དང་འཁྲིལ་ཏེ་ འབད་ཚུགས་ནི་ཨིནམ་ལས བཀོད་འཛིན་གྱིས་ དུས་ཚོད་དེ་ཅིག་ནང་ཡང་ ད་རུང་ བསྡུ་སྒྲིག་འབད་དགོཔ་སྦེ་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *