རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་དང་ ལོ་༡༠ གྱི་ཤུལ་ལས་ ཞི་གཡོགཔ་ནང་ལས་ དགོངས་ཞུ་འགྱོ་ནི་ཨིན་མི་ ཞི་གཡོགཔ་ཚུ།

དགོངས་ཞུ་འབད་རན་མི་ ཞི་གཡོགཔ་ཚུ་ གྲ་སྒྲིག་འབད་ནི་གི་ཐབས་ལམ།

༉ ད་རེས་ནངས་པར་ ཞུ་གཡོགཔ་མང་ཤོས་ཅིག་ར་ དགོངས་ཞུའི་དུས་ཡུན་ཚངམ་ད་ གྲ་སྒྲིག་ག་ནི་ཡང་ མི་འོང་པས་ཟེར་ཨིན་པས།

དེ་ཡང་ ཁ་ཙ་ཐིམ་ཕུག་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་དགོངས་ཞུའི་ ལས་འཆར་ཞབས་ཏོག་གི་ གྲོས་འཛོམས་ འགོ་དང་པ་འཚོགས་པའི་སྐབས་ ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ བཤད་ཅི།
ཁྲི་འཛིན་གྱིས་འབད་བ་ཅིན་ ཞི་གཡོགཔ་མང་ཤོས་ཅིག་གིས་ དགོངས་ཞུ་འབད་བའི་ཤུལ་ལས་ ཏི་རུ་དང་ སེམས་ཁམས་ཀྱི་ གདོང་ལེན་ཚུ་ ག་དེ་སྦེ་ར་ འབད་ནི་ཨིན་ན་དང་ མི་ཚེ་དེ་ ག་དེ་སྦེ་ སྐྱོང་ནི་ཨིན་ནའི་ཐད་ལུ་ གྲ་སྒྲིག་ག་ནི་ཡང་ འབད་ནི་མེད་པའི་ ལྷན་ཚོགས་ཀྱིས་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ གདོང་ལེན་ཚུ་ སེལ་ཐབས་ལུ་ དགོངས་ཞུའི་ལས་འཆར་ཞལ་འཛོམས་དེ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལས་རིམ་དེ་གིས་ དགོངས་ཞུ་འབད་བའི་ཤུལ་ལས་ མི་ཚེ་སྐྱོང་ནི་ལུ་ གྲ་སྒྲིག་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
དེ་མ་ཚད་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་བའི་སྐབས་ ཏི་རུ་གི་ཐད་ཁར་ ག་དེ་སྦེ་ འབད་ནི་ཨིན་ན་དང་ དགོངས་ཞུ་འབད་དེ་འགྱོཝ་ད་ སེམས་ཤི་སྟེ་དང་ སེམས་ནད་ཐོག་ལས་མེན་པར་ དགའ་སྤྲོའི་ཐོག་ལུ་ འགྱོ་ནི་གི་ ཕན་ཐབས་འབྱུང་འོང་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སེམས་ནད་མཁས་མཆོག་ ཌོག་ཊར་བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ དགོངས་ཞུ་འབད་དེ་འགྱོཝ་ད་ སེམས་སྐྱོ་ནི་མེན་པར་ སེམས་དགའ་དགོ་ཟེར་ཨིནམ་ད་ ད་རེས་ ལྷན་ཚོགས་ཀྱིས་འབད་རུང་ དགོངས་ཞུའི་ཕན་སྡེ་ལས་རིམ་ཚུ་ སྣ་ཚོགས་སྦེ་ གཞི་བཙུགས་འབད་དེ་ཡོདཔ་ལས་ སེམས་ཤི་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
དགོངས་ཞུ་འཆར་གཞི་དེ་ ལྷན་ཚོགས་ནང་ དགོངས་ཞུ་ཕན་སྡེ་ལས་རིམ་གྱི་ ལས་སྣ་ལེ་ཤ་ཡོད་མིའི་གྲས་ལས་ གཅིག་ཨིནམ་ད་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ ཞི་གཡོགཔ་ཚུ་ དགོངས་ཞུ་བའི་བསྒང་ལས་ མི་ཚེ་གནས་སྟངས་ བསྒྱུར་བཅོས་འགྱོ་དོ་ཡོདཔ་མ་ཚད་ རྒྱལ་ཡོངས་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ཡོད་རུང་ ཟླ་རིམ་གྱི་ དངུལ་ཕོགས་བཟུམ་སྦེ་ འཐོབ་ནི་མེདཔ་ལས་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཉིན་གྲངས་༢ འབད་མི་ ཞལ་འཛོམས་དེ་ཡང་ ཞི་གཡོག་ནང་ ཕྱག་ཞུ་ནི་གི་ གནས་ཡུན་ལོ་ངོ་༡༠ མན་ཆད་འབད་མི་ཚུ་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་གི་ ལཱ་གི་གནས་སྟངས་དེ་ ལེགས་ལྡན་བཟོ་ནི་དང་ ཁོང་གི་ མཐའ་དོན་ཚུ་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིནམ་ད་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་བའི་ཤུལ་ལས་ ཁོང་གི་ ཡིག་ཚང་གི་ ཆ་རོགས་ཚུ་ འཕྱད་ནི་མེདཔ་ལས་ གདོང་ལེན་སྣ་ཚོགས་ཐོན་མིའི་གྲས་ལས་༡ ཏི་རུ་ཨིནམ་ལས་ དེ་ཚུ་ ལྷན་ཚོགས་ཀྱི་ ཚ་གྱང་སྦོམ་ཤོས་ཅིག་ཨིན་ཟེར་ བཤད་ཅི།
དེ་བཟུམ་མའི་ ལས་རིམ་དེ་ཡང་ མ་འོངས་པར་ སྡེ་ཚན་དང་ ལུང་ཕྱོགས་ནང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ད་ གྲོས་འཛོམས་སྐབས་ དགོངས་ཞུ་འགྱོ་བའི་སྐབས་ ཁྲལ་གྱི་ལམ་ལུགས་དང་ སྲིད་བྱུས་ དགོངས་ཞུའི་ཐོབ་ལམ་ དངུལ་འབྲེལ་འཆར་གཞི་ལ་སོགས་པའི་སྐོར་ལས་ གྲོས་བསྟུན་འབདཝ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *