དགེ་ལེགས་ཕུག་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ ས་ཚན་བགོ་བཀྲམ་ནང་ གྲལ་གཏོགས་འབད་མི་ཅིག་གིས་ སྨོན་ལམ་བཏབ་སྟེ་ ཁ་རྗེའི་རྒྱན་ཤོག་ འཐུ་བའི་བསྒང་།

དགེ་ལེགས་ཕུག་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ ས་ཚན་བགོ་བཀྲམ་འབད་མི་ལུ་ མི་ཚུ་སེམས་དང་མ་ལྡན་པར་ཡོདཔ།

༉ དགེ་ལེགས་ཕུག་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ ས་ཚན་གྱི་ཐོབ་བརྗོད་བཀོད་མི་ བརྒྱ་ཆ་༨༥ དེ་ཅིག་གིས་ ས་ཚན་བགོ་བཀྲམ་ལམ་ལུགས་ དྲང་སྙོམས་མེད་མི་ལུ་བརྟེན་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས།
བགོ་བཀྲམ་ནང་ གྲལ་གཏོགས་འབད་མི་ ག་ར་ལུ་ ས་ཚན་འདྲན་འདྲ་སྤྲོད་ཐབས་ལུ་ ཁྲོམ་སྡེ་གིས་ ཁ་རྗེའི་རྒྱན་ཤོག་ འཐུ་བཅུག་ཡོདཔ་ད་ ད་རེས་བགོ་བཀྲམ་འབད་མི་དེ་ ཐེངས་༤ པ་ཨིན་པས།
ས་ཚན་བགོ་བཀྲམ་དོན་ལུ་ མི་ངོམ་༢༨ ཐོ་བཀོད་འབད་ཡོད་མི་ལས་༢༡ གིས་ ཁ་རྗེའི་རྒྱན་ཤོག་ འཐུ་བར་འོང་ཡོདཔ་ད་ ས་ཚན་དེ་ཡང་ སྣུམ་འཁོར་བཅོ་ཁང་དང་ དོ་བཞག་ཁང་གི་དོན་ལུ་ རེ་རེ་དང་ བཟོ་སྐྲུན་སྡེ་ཕྲན་གྱི་དོན་ལུ་ ས་ཚན་༥ བཞག་མི་ཚུ་ག་ར་ ཧེ་མའི་ཇོ་བདག་ཚུ་གིས་ ལོག་སྤྲོད་མི་ཚུ་ཨིན་པས།
ས་ཚན་དོན་ལུ་ མི་ངོམ་༤༠༠དེ་ཅིག་གིས་ དང་འདོད་བསྐྱེད་ཡོདཔ་ད་ ས་ཚན་ཁག་༧ ཡོད་མི་ལས་༣ རྐྱངམ་གཅིག་གིས་ ཐོབ་ཟེར་མི་ ཁ་རྗེའི་རྒྱན་ཤོག་ འཐུ་ཡོདཔ་ཨིན་པས།
ལྷག་ལུས་ས་ཚན་༤ པོ་དེ་ ཁྲོམ་སྡེ་གིས་ ལོག་ལེན་བཞག་ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་གིས་ ཁྲོམ་སྡེ་གིས་ ཁ་རྗེའི་རྒྱན་ཤོག་འཐུ་བར་ མ་ལྷོད་མི་ཚུ་གི་དོན་ལུ་ཡང་ ས་ཚན་བཞག་མི་དེ་ དྲང་སྙོམས་མིན་འདུག་ཟེར་ བཅའ་མར་གཏོགས་མི་ཅིག་གིས་ བཤད་ཡོདཔ་ད་ བཟོ་སྐྲུན་སྡེ་ཕྲན་གྱི་ ས་ཚན་༥ གི་དོན་ལུ་ མི་༡༢ ཀྱིས་ དང་འདོད་བསྐྱེད་མི་ཐོན་ཡོདཔ་ད་ སྣུམ་འཁོར་བཅོ་ཁང་དང་ དོ་བཞག་ཁང་དོན་ལུ་ མི་༨ དེ་རེ་ ཐོན་ཡོདཔ་ཨིན་པས།
ཁ་རྗེའི་རྒྱན་ཤོག་འཐུ་བའི་སྐབས་ དབྱེ་ཁག་ག་རའི་ནང་ མི་ཚུ་མ་ལྷོད་རུང་ ཁ་རྗེའི་རྒྱན་ཤོག་གི་གྱངས་ཁ་དེ་ བཙུགས་ཏེ་ཡོདཔ་ད་ དཔེར་ན་ སྣུམ་འཁོར་བཅོ་ཁང་གི་ས་ཚན་༧ གྱི་དོན་ལུ་ མི་༥ ལས་བརྒལ་མ་འོང་རུང་ ཁ་རྗེའི་རྒྱན་ཤོག་༧ བཞག་ཡོདཔ་ད་ བཅའ་མར་གཏོགས་མི་༥ པོ་ཆ་ར་གིས་ ཐོབ་ཟེར་མི་ ཁ་རྗེའི་རྒྱན་ཤོག་ མ་འཐུཝ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ ཁྲོམ་སྡེའི་འགོ་དཔོན་ཚུ་ལུ་ ས་ཚན་ལུས་མི་ཚུ་ལུ་ ད་རུང་ཚར་གཅིག་ ཁ་རྗེའི་རྒྱན་ཤོག་འཐུ་ནིའི་ གོ་སྐབས་བྱིན་དགོཔ་སྦེ་ སླབ་ཡོད་རུང་ ཁྲོམ་སྡེ་གིས་ ས་ཚན་ག་ར་ བགོ་བཀྲམ་འབད་དགོཔ་མེད་ཟེར་ སླབ་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ བསྟན་འཛིན་དབང་གྲགས་ཀྱིས་ བཤད་མིའི་ནང་ ཁྲོམ་སྡེ་གིས་ ཁྱབ་བསྒྲགས་འབད་བའི་སྐབས་ ཁ་རྗེའི་རྒྱན་ཤོག་འཐུ་བར་ མ་ལྷོད་མི་ཚུ་ བཅའ་མར་གཏོགས་མི་བཅུག་ཟེར་ ཨིན་པས།
ཁྱབ་བསྒྲགས་དང་འཁྲིལ་བ་ཅིན་ ཐོ་ནང་ལས་ མ་ལྷོད་མི་ཚུ་ བཏོན་གཏང་དགོཔ་ཅིག་ཨིན་ཟེར་ ཨིན་པས།
ཁྲོམ་དཔོན་ ཊི་ཀ་རམ་ ཀཕ་ལེ་གིས་ ཁྲོམ་སྡེ་གིས་ སྣུམ་འཁོར་བཞག་ནི་དང་ ཕྱགས་སྙིགས་བསྡུ་བསྒྱོམ་ལྟེ་བ་ དེ་ལས་ ཁྲོམ་གྱི་དོན་ལུ་ ཆུ་མཛོད་གསརཔ་དང་ ཨ་ལོ་ཚུ་གི་རྩེད་ཐང་དང་ལྡུམ་ར་ བཟོ་ནིའི་དོན་ལུ་ཡང་ ས་ཆ་དགོཔ་ཡོད་ཟེར་ཨིན་པས།
ཁོང་ཆ་ཁྱབ་ སེམས་དང་མ་ལྡན་པའི་སྐོར་ལས་ ང་བཅས་ཀྱིས་ ཧ་གོ་རུང་ གོ་སྐབས་འདྲན་འདྲ་བྱིན་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ ཤུལ་ལས་ ད་རུང་ གོ་སྐབས་འཐོན་པ་ཅིན་ བྱིན་འོང་ཟེར་ཨིན་པས།
ས་ཚན་ཐོབ་མི་ཚུ་གིས་ ད་ལྟོ་ལས་ར་ མི་གཞན་ཚུ་ལུ་ གླ་ཁར་སྤྲོད་ནི་ འགོ་བཙུགས་སར་མཐོང་ཡོདཔ་ལས་ ཁ་ཙ་ ཁྲོམ་དཔོན་གྱིས་ འདི་བཟུམ་འབད་ནི་དེ་ ཁྲིམས་འགལ་ཨིན་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
བསྟན་འཛིན་དབང་གྲགས་ཀྱིས་ ལྟེ་བ་དེ་ནང་གི་ ས་ཚན་འཆང་མི་ཚུ་གིས་ མི་གཞན་ལུ་ གླ་ཁར་བཏང་སྟེ་ ཁེ་སང་བཟོཝ་མས་ཟེར་ཨིན་པས།
རྩི་སའི་དོ་ཁང་ལས་ སྤོ་ནིའི་དོན་ལུ་ དུས་ཡུན་ལོ་༡ ལས་མེདཔ་ད་ ལོ་རྒྱུས་དང་འཁྲིལཝ་ད་ ས་ཚན་ཐོབ་མི་ཚུ་གིས་ ཟླཝ་རེ་ལུ་ གླ་འཐུས་དངུལ་ཀྲམ་༡༣༠,༠༠༠ རེ་སྦེ་ གཞན་ལུ་སྤྲོད་ནུག་ཟེར་ཨིན་པས།
ས་ཚན་ཐོབ་མི་ཚུ་གིས་ ཁྲོམ་སྡེ་ལུ་ ལོ་༡ ནང་ གླ་འཐུས་དངུལ་ཀྲམ་༡༣,༠༠༠དེ་ཅིག་ལས་ སྤྲོད་མ་དགོཔ་ཨིན་པས།
ད་ལྟོ་ ང་བཅས་ཀྱིས་ སྒྲུབ་བྱེད་མ་ཐོབ་པར་ཡོདཔ་ལས་ སྒྲུབ་བྱེད་ཐོབ་པའི་ཤུལ་ལས་ ཁྲིམས་དང་འཁྲིལ་ ངོས་ལེན་འབད་འོང་ཟེར་ ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཁྲོམ་སྡེ་གིས་ ས་ཚན་ཐོབ་མི་ཚུ་ལུ་ ལྟེ་བ་དེ་ནང་ ད་རེས་ཀྱི་ཟླ་མཇུག་ལས་ སྤོ་དགོ་པའི་དུས་ཚོད་བྱིན་ཡོདཔ་ད་ ས་ཁོངས་དེ་ནང་ གོང་འཕེལ་གྱི་ལཱ་ཚུ་ ག་ནི་ཡང་ མ་འབད་བ་ཅིན་ གན་ཡིག་ཆ་མེདཔ་གཏང་ནི་ཟེར་ ཁྲོམ་དཔོན་གྱིས་ བཤད་ཡོདཔ་ཨིན་པས།
ལྟེ་བ་དེ་གི་དོན་ལུ་ བཀྲིས་གླིང་འདེམས་ཁོངས་ནང་ ས་ཆ་ཨེ་ཀར་༡༡༡.༥ ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ལས་འགོ་བཙུགས་ ལོ་ངོ་༣༠ གི་དོན་ལུ་ ས་ཚན་༡༡༠ གླ་ཁར་བཏང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *