དགེ་ལེགས་ཕུག་ལུ་ སློབ་ཕྲུག་༤ བྱང་སྟོར།

༉ སྤྱི་ཟླ་༦ པའི་ཚེས་༩ ལས་ཚུར་ དགེ་ལེགས་ཕུག་ ནོར་བུ་གླིང་སློབ་གྲྭ་ལྟེ་བ་དང་ དཔལ་རི་ཐང་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་ཕྲུག་༢ རེ་ བྱང་སྟོང་ཤོར་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
དེ་ཡང་ སློབ་རིམ་༨ པའི་སློབ་ཕྲུག་ སྐྱེས་ལོ་༡༦ ལང་མི་ ཕམ་ཚུ་གིས་ ཁ་ཙ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ཁོང་གི་བུམོ་དེ་ སྤྱི་ཟླ་༦ པའི་ཚེས་༩ ལས་ ཁྱིམ་ནང་མ་ལྷོད་ཟེར་ཨིན་པས།
བུམོ་དེ་ སློབ་གྲྭ་གཅིག་ནང་ དཔེ་ཆ་བལྟ་མི་ སློབ་རིམ་༡༠ པའི་ སློབ་ཕྲུག་བུཚ་དང་གཅིག་ཁར་འགྱོ་སར་ མཐོང་ཡོད་པའི་ ལོ་རྒྱུས་འདུག།
དེ་ལས་ སྐྱེས་ལོ་༡༥ དང་༡༦ འབད་མི་ བུཚ་གཞན་༢ པོ་དེ་ སྤྱི་ཟླ་༦ པའི་ཚེས་༡༠ གྱི་དྲོ་པར་ ཆུ་གཟར་སྒང་ དཀར་སྦིས་ཐང་ལུ་ ཁོང་རའི་ཁྱིམ་ནང་ལས་ བྱང་སྟོར་ཤོར་ཡོདཔ་ད་ ཁོང་༢ ཆ་ར་ སློབ་རིམ་༧ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
ཁོང་༢ ཀྱི་ཕམ་ཚུ་གིས་ ཁ་ཙ་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཞིནམ་ལས་ཚུར་ འཚོལ་ཞིབ་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *