དགེ་ལེགས་ཕུག་ལུ་ སྒེར་གྱི་སློབ་གྲྭ་ཅིག་གི་ ཨ་ལོ་བདག་འཛིན་པ་དེ་ སང་ཕོད་ལས་བརྒལ་ ཚབ་མི་བཙུགས་ནི།

༉ དགེ་ལེགས་ཕུག་ལུ་ སྒེར་གྱི་སློབ་གྲྭ་ཅིག་གིས་ ཨ་ལོ་བདག་འཛིན་པ་དེ་ སང་ཕོད་ཀྱི་ སློབ་དུས་སྐབས་ལས་རྐྱངམ་གཅིག་ ཚབ་བཙུགས་ནི་ཨིན་པས།

དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་སྔ་ཆ་ལུ་ ཨ་ལོ་བདག་འཛིན་པ་དེ་ལུ་ སྐྱེས་ལོ་༡༩ ལང་མི་ སློབ་ཕྲུག་ཅིག་གིས་ བརྙས་བཅོས་འབད་བའི་ ཉེས་འཛུགས་ཐོག་ ཨ་ལོ་དེ་གིས་ རང་སྲོག་བཅད་ནིའི་ དཔའ་བཅམ་ཡོདཔ་ཨིན་པས།

གནད་དོན་དེ་ལུ་ སློབ་གྲྭའི་བདག་སྐྱོང་གིས་ ཞིབ་དཔྱད་འབད་བའི་སྐབས་ ཨ་ལོ་དེ་དང་ ཕམ་གིས་ ཉེས་འཛུགས་འབད་མི་ གནད་དོན་དེ་ལུ་ གཟུགས་ཁར་ ལགཔ་བཀལ་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་ མ་མཐོངམ་ཨིན་པས།

བྱ་ངན་འབད་སར་ མཐོང་མི་ཅིག་གིས་ ངག་བརྗོད་བཀོད་མིའི་ནང་ ཨ་ལོ་བདག་འཛིན་པ་དེ་གིས་ སློབ་ཕྲུག་དེ་ སྤྱི་ཟླ་༦ པའི་ཚེས་༡༥ གི་ཕྱི་རུ་ ཆང་འགྲངས་ཏེ་འོངམ་ད་ ལགཔ་བཀལ་སར་མ་མཐོང་ཟེར་ སླབ་ཡོདཔ་ཨིན་པས།

ཨ་ལོ་བདག་འཛིན་པ་གིས་ སློབ་གྲྭའི་ས་ཁོངས་ནང་ ཆང་འགྲངས་ཏེ་འོངམ་ད་ གྱང་གུ་ཨེབ་སྟེ་ མཛོག་བླུགས་ཡོདཔ་སྦེ་ ཉམས་རྒུདཔ་ཨ་ལོ་དེ་གིས་ ངག་བརྗོད་ནང་ བཀོད་ཡོདཔ་ཨིན་པས།

ཨ་ལོ་བདག་འཛིན་པ་གིས་ བྱ་ངན་དེ་ རྩེད་ཐང་གི་ཉེ་འདབས་ལུ་ འབད་ཡོདཔ་ལས་ དེ་ནང་ གྱང་རྩིག་མེདཔ་ལས་ སློབ་ཕྲུག་གིས་ ངག་བརྗོད་ནང་བཀོད་མི་དེ་ བདེན་ཁུངས་མེད་པའི་ བློ་ཨིན་མས་ཟེར་ སླབ་ཡོདཔ་ཨིན་པས།

དེ་མ་ཚད་ ཁོ་གིས་ ཨ་ལོ་དེ་ ཆང་འགྲངས་ཡོདཔ་མཐོངམ་ད་ ཁོ་རའི་ ཕམ་དང་དབང་འཛིན་ལུ་ སྙན་ཞུ་འབད་ནི་ཟེར་སླབ་ད་ ཁོ་གིས་ བརྒྱུད་འཕྲིན་ཨང་ཚུ་ རྩ་ལས་ར་ བྱིན་མ་བཏུབ་ལས་ སློབ་གྲྭའི་འཛིན་སྐྱོང་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁོ་ར་ ཐབས་ཤེས་སློབ་སྟོན་ནིའི་དོན་ལུ་ ཕྱི་རུའི་ཆུ་ཚོད་ ཕྱེད་དང་༨ དེ་ཅིག་ཁར་ སློབ་ཁང་ནང་ སོང་ཡི་ཟེར་ བཀོད་ནུག།

དེ་གིས་མ་ཚད་ བདག་འཛིན་པ་དེ་གིས་ ཁོ་གིས་ ཉམས་རྒུདཔ་དང་ཕམ་གྱིས་ སླབ་དོ་བཟུམ་སྦེ་ ཧེ་མ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་ལུ་ ལགཔ་བཀལ་ཡོདཔ་སྦེ་ ཉེས་འཛུགས་འབད་མི་དེ་ མི་བདེན་ཟེར་ཨིནམ་ད་ ཁོ་གིས་ སློབ་ཕྲུག་ག་ལུ་ཡང་ ལགཔ་བཀལ་བཀལཝ་མེད་ཟེར་ སླབ་ཡོདཔ་ཨིན་པས།

ཉམས་རྒུདཔ་གིས་ བཙོག་གཏམ་ཚུ་སླབ་ཡོདཔ་སྦེ་ ཉེས་འཛུགས་འབད་མི་ལུ་ ཨ་ལོ་བདག་འཛིན་པ་གིས་ ཁོ་ར་ རྫོང་ཁ་སློབ་དཔོན་ཨིནམ་ལས་ འདས་པའི་ལོ་གཉིས་ནང་ ཉམས་རྒུདཔ་སློབ་ཕྲུག་ལུ་ ཚར་གཅིག་ཡང་ སློབ་སྟོན་མ་འབད་ཟེར་ཨིནམ་ད་ ཨ་ལོ་གིས་ སློབ་གྲྭའི་བདག་སྐྱོང་དང་ ང་ལུ་ ཉེས་འཛུགས་འབད་མི་དེ་ མི་བདེན་ཟེར་བཤད་ནུག།

སློབ་གྲྭའི་བདག་སྐྱོང་གི་ ལས་བྱེདཔ་དང་འཁྲིལཝ་ད་ ཉེས་འཛུགས་འབད་མི་ལུ་ སྒྲུབ་བྱེད་སོགས་ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ བདག་སྐྱོང་གིས་ སང་ཕོད་ལས་ ཨ་ལོ་བདག་འཛིན་པ་དེ་ སོར་ནི་སྦེ་ ཐག་བཅད་ཡི་ཟེར་ཨིན་པས།

ཨ་ལོ་བདག་འཛིན་པ་གསརཔ་གི་དོན་ལུ་ ད་ལྟོ་ ག་གིས་ཡང་ འགན་ཁུར་ལེན་མ་བཏུབ་ཟེར་ཨིནམ་ད་ ཧེ་མའི་ ཨ་ལོ་བདག་འཛིན་པ་་གིས་ ལཱ་ཐེབས་འབད་མི་དང་ སྒྲུབ་བྱེད་ཚུ་ ལེགས་ཤོམ་ཡོདཔ་ལས་ དུས་ཅི་ ལོ་མཇུག་མ་བསྡུ་ཚུན་ ཁོ་ལུ་ར་ འབད་བཅུག་ནིའི་ ཐག་བཅད་ཡི་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *