འབྲུག་གི་གནམ་གྲུ།

དགེ་ལེགས་ཕུག་ལུ་ ནང་འཁོད་འཕུར་འགྲུལ་ ལོག་འགོ་བཙུགས་ཡོདཔ།

༉ འབྲུག་གི་གནམ་གྲུ་ འབྲུག་ཨེ་ཡར་དེ་ དགེ་ལེགས་ཕུག་ལུ་ འཕུར་འགྲུལ་མ་འབད་བར་ ཟླ་ངོ་༤ དེ་ཅིག་ མཚམས་འཇོག་འབད་དེ་ བཞག་པའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ལོག་འཕུར་འགྲུལ་འབད་ནི་ འགོ་བཙུགས་ནུག།
དེ་ཡང་ སྤ་རོ་ལས་ འཕུར་འགྲུལ་འབད་མི་ གནམ་གྲུ་དེ་ དེ་ཚེ་ཉིན་མའི་ ཚུ་ཚོད་༡.༤༠ ལུ་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་ནང་ ཆགས་ཡོདཔ་ད་ ཡོན་ཕུ་ལ་ལུ་ འཕུར་འགྲུལ་འབད་མི་ གནམ་གྲུ་དེ་ནང་ དགེ་ལེགས་ཕུག་གི་ མཁའ་འགྲུལཔ་ཕུད་རྡོག་གཅིག་རྐྱངམ་གཅིག་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ གནམ་ཐང་གི་ འཛིན་སྐྱོང་པ་ བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ མཁའ་འགྲུལ་སྐྱེལ་འདྲེན་ལས་ཁུངས་དང་ ཚོང་མགྲོན་པ་ཚུ་ ནང་འཁོད་འཕུར་འགྲུལ་ བསྐྱར་འཛུགས་འབད་ནི་ལུ་ བསྒུགས་སྡོད་ཅི་ཟེར་ཨིནམ་ད་ ཚོང་མགྲོན་པ་ལེ་ཤ་ཅིག་གིས་ར་ འཕུར་འགྲུལ་ནམ་ལོག་འགོ་བཙུགས་འོང་ག་ཟེར་ དྲི་བ་བཀོད་པའི་མཐའ་མར་ འགོ་བཙུགས་ཚུགས་ཅི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དགེ་ལེགས་ཕུག་ལས་ ཡོན་ཕུ་ལ་དང་ སྤ་རོ་ལུ་ འཕུར་འགྲུལ་འབད་ནི་གི་ སྤྲོ་བ་བསྐྱེད་མི་ ཚོང་མགྲོན་པ་མང་རབས་ཅིག་ཡོད་རུང་ གནམ་གྲུའི་ཤོག་འཛིན་ཐོབ་མ་ཚུགས་མི་ལུ་བརྟེན་ སེམས་དང་མ་ལྡན་པར་ སྡོད་མི་ཡོད་ཟེར་ཨིན་པས།
གཞུང་གི་མ་དངུལ་གྲོགས་རམ་དང་ ཕབ་ཆག་གི་ཐོག་ལུ་ དུས་ཡུན་ཟླ་ངོ་༣ འཕུར་འགྲུལ་འབད་བའི་ཤུལ་ལས་ དགེ་ལེགས་ཕུག་ལུ་ འཕུར་འགྲུལ་འབད་ནི་དེ་ སྤྱི་ཟླ་༡ པ་ལས་ཚུར་ མཚམས་འཇོག་འབད་མི་དེ་ཡང་ མཁའ་འགྲུལཔ་གངམ་མེད་མི་ལུ་བརྟེན་མེན་པར་ དགེ་ལེགས་ཕུག་ལུ་ རླུང་མའི་གནས་སྟངས་ལུ་བརྟེན་ཨིན་པས།
དགེ་ལེགས་ཕུག་ལུ་ བདུན་ཕྲག་ཅིག་ནང་ རེས་གཟའ་པ་སངས་དང་ ཟླ་བ་ལུ་ ལན་ཐེངས་གཉིས་ འཕུར་འགྲུལ་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *