བ་ལ་རམ་ ཀ་ཊེལ་གྱིས་ ཁོ་རའི་ས་ཞིང་ བྱེམ་ཐང་བཟུམ་ཅིག་ལུ་ གྱུར་ཡོད་པའི་ གསལ་སྟོན་འབད་བའི་བསྒང་།

དགེ་ལེགས་ཕུག་ལུ་ ཆུ་རུད་ཀྱིས་ ས་ཞིང་མེདཔ་བཏང་ཡོདཔ།

༉ ལོ་ངོ་༧ དེ་ཅིག་གི་ཧེ་མ་ སོ་ནམ་པ་ བ་ལ་རམ་ ཀ་ཊེལ་གྱིས་ དགེ་ལེགས་ཕུག་ དཔལ་རི་ཐང་གཡུས་ཚན་ནང་ ཁོ་རའི་འབྱ་ཞིང་ཌིསི་༧༢ ནང་ལས་ ཆུམ་ཀེ་ཇི་༨༠༠ དེ་ཅིག་ ཐོན་ཡོདཔ་ཨིན་པས།
ད་རེས་འབད་བའི་བསྒང་ལས་ ཁོ་གི་ འབྱ་ཞིང་དེ་ ཆུ་གཤམ་ལུ་ གྱུར་ཏེ་ཡོདཔ་ལས་ གད་ཚིགས་(ཨ་རིང་ཚིགས) ཕུད་རྡོག་གཅིག་ཡང་ མཐོང་ནི་མེདཔ་ བཟོ་བཏང་ནུག།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཆརཔ་ཤུགས་སྦེ་རྐྱབ་ད་ བ་ལ་རམ་ ཀ་ཊེལ་གྱི་ ས་ཞིང་ནང་ལས་ ཆུ་ལུད་འོངམ་ད་ བྱེམ་དང་རྡོ་ཚུ་ འཕྱགས་བདའ་འོང་སྟེ་ བྱེམ་ཐང་བཟུམ་སྦེ་ བཟོ་ཡོདཔ་ལས་ ཞིང་ནང་ ངང་ལག་ཤིང་དང་ སྦ་དག་པ་ཅིག་ལས་བརྒལ་ མ་ལུས་པས།
དའུ་ལ་གཙང་ཆུ་བྲེས་མི་ལུ་བརྟེན་ཁ་བསྒྱུར་ཏེ་ སྒེར་ས་ཁ་ཐུག་ལུ་ འོང་ཡོདཔ་ད་ ལོ་དག་པ་ཅིག་གི་ ཧེ་མ་ཡང་ དའུ་ལ་ཆུ་གིས་ ཁོ་གི་ འབྱ་ཞིང་མེདཔ་བཏང་མི་ལུ་བརྟེན་ འབྱ་ལཱ་རྐྱབ་ནི་དེ་ ཁུངས་མིན་འདུག་ཟེར་ བཤོལ་བཞག་ཅི་ཟེར་ བ་ལ་རམ་ ཀ་ཊེལ་གྱིས་ བཤདཔ་ཨིན་པས།
ཁོ་གི་ ས་ཆ་དེ་ འཚོ་ཏོག་ཏོ་ཡོད་རུང་ ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་མི་དེ་གིས་ འབྱ་གི་ཚབ་ལུ་ རྩྭ་ཆག་གི་ སོན་བཏབ་ཡོད་རུང་ དེ་ཚུ་ཡང་ བྱེམ་གྱི་འོག་ལུ་ ཚུད་སོ་ནུག་ཟེར་ ཁོ་གིས་ བཤད་ཡོདཔ་ད་ དེ་ནང་ ཁོ་ལུ་ ས་ཆ་ཨེ་ཀར་༡.༢༦ ཡོད་མི་ག་ར་ བྱེམ་ཐང་ལུ་ གྱུར་སོ་ནུག།
ཁོ་གི་སྦོ་ལོགས་ཁར་ ལོ་ཐོག་ཐུན་མོང་ཟ་མི་ཅིག་ཨིན་མི་ ཅཱན་ད་ར་ལཱལ་ གི་མི་རེ་དེ་ སྡོད་དོ་ཡོདཔ་ད་ ཆུ་རུད་དེ་གིས་ ཁོ་གི་ འབྱ་ཞིང་ཆ་ཤས་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ ཁོ་གི་ ལོ་ཐོག་ལུ་ གནོད་སྐྱོན་དུམ་གྲ་ཅིག་ལས་བརྒལ་ མ་བྱུང་རུང་ ཆརཔ་ཤུགས་སྦེ་ རྐྱབ་པ་ཅིན་ གནོད་སྐྱོན་སྦོམ་ རྐྱབ་ནི་ཨིནམ་ལས་ ཚ་གྱང་ལང་སྟེ་ སྡོད་ཡོད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *