ལས་གཡོག་བློན་པོ་ཉི་མ་སངས་རྒྱས་ཆེན་པོ་གིས་ སློབ་ཁང་ལྟ་ཞིབ་འབད་བའི་བསྒང་།

དགེ་ལེགས་ཕུག་འཕྲུལ་རིག་སྤེལ་ཁང་ནང་ ཆོས་ཚན་༣ གསར་བཙུགས་འབད་ཡོདཔ།

༉ དགེ་ལེགས་ཕུག་ རྡོ་ལུང་སྒང་ འཇིགས་མེད་རྣམ་རྒྱལ་འཕྲུལ་རིག་སྤེལ་ཁང་ནང་ ཆོས་ཚན་གསརཔ་གསུམ་ འགོ་བཙུགས་ཡོདཔ་བཞིན་དུ་༣ ཆ་ར་ གློག་མེ་དང་འབྲེལ་བའི་ ཆོས་ཚན་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༥ ལས་ འགོ་བཙུགས་མི་ ཆོས་ཚན་༣ དེ་ གློག་ཐག་འཐེན་ནི་དང་ བགོ་བཀྲམ་འབད་ནི་ ས་འོག་ལས་ གློག་ཐག་འཐེན་ནི་དེ་ཨིནམ་ད་ ཆོས་ཚན་གསརཔ་དེ་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ སྒོ་འབྱེད་གནང་ནུག།
ཆོས་ཚན་གསརཔ་དེ་གིས་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་ལུ་ གློག་མེ་དང་འབྲེལ་བའི་ ཤེས་ཡོན་དེ་ ཁྱད་རིག་དང་ལྡནམ་སྦེ་ བྱིན་ནིའི་དོན་ལུ་ཨིནམ་བཞིན་དུ་ ད་རེས་ ཆོས་ཚན་ལྷབ་མི་ སློབ་སྦྱོང་པ་༢༥ ཡོདཔ་ད་ ཆོས་ཚན་༣ ལས་༡ པོ་དེ་ ཟླཝ་༡༤ ལྷབ་ནི་ཨིན་པས།
ས་འོག་ལས་ གློག་ཐག་འཐེན་ནིའི་ཆོས་ཚན་དེ་ བདུན་ཕྲག་༨ ཀྱི་རིང་ ལྷབ་དགོཔ་བཞིན་དུ་ དེ་ནང་ སྦྱོང་བརྡར་བ་༦ ཡོདཔ་ད་ དེ་ལས་ གློག་ཐག་འཐེན་མིའི་ཆོས་ཚན་དེ་ ཟླཝ་༨ ལྷབ་དགོཔ་ལས་ དེ་ནང་ཡང་ སློབ་སྦྱོང་པ་༦ ཡོདཔ་ཨིན་པས།
ལས་གཡོག་ལྷན་ཁག་གི་ འཕྲུལ་རིག་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཆོས་ཚན་གསརཔ་ སློབ་སྦྱོང་འབད་མི་ ཧེ་མ་ལས་ ལཱ་གཡོག་ཡོད་མི་དང་ མེད་མི་གཉིས་ཆ་ར་ ཡོད་ཟེར་ཨིནམ་ད་ ལཱ་གཡོག་ཡོད་མི་དེ་ མང་ཤོས་ཅིག་ འབྲུག་གློག་མེ་ལས་འཛིན་དང་ འབྲུག་གི་སྐུ་སྲུང་དམག་སྡེ་ དངུལ་རྩིས་ལྷན་ཁག་ སློབ་གྲྭ་དང་སྤེལ་ཁང་ དེ་ལས་ སྒེར་སྡེའི་ལས་བྱེདཔ་ཚུ་ ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆོས་ཚན་དེ་གིས་ གློག་མེ་དང་ཐད་ཀར་འབྲེལ་བ་ཡོད་མི་ འབྲུག་གློག་མེ་ལས་འཛིན་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ད་རུང་ སང་ཕོད་ ཆོས་ཚན་༦ གསརཔ་གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ལས་ བརྩིཝ་ད་ ད་ལས་ཕར་ ཆོས་ཚན་གསརཔ་༤༠ དེ་ཅིག་ འགོ་བཙུགས་འབད་ནི་ཨིནམ་ད་ སྤྱི་ལོ་༢༠༢༢ ལས་ སྤེལ་ཁང་དེ་ ཡོངས་རྫོགས་སྦེ་ གྲ་སྒྲིག་སོང་ནི་ཨིནམ་མ་ཚད་ སྤྱི་ལོ་༢༠༣༠ ལས་ ཕྱིའི་རྒྱལ་ཁབ་ལས་ཡང་ སྤེལ་ཁང་ནང་ཤེས་ ཡོན་སྦྱང་བར་ འོང་ནིའི་ གོ་སྐབས་ཡོདཔ་ཨིན་པས།
ལས་གཡོག་བློན་པོ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༢༠ གི་ནང་འཁོད་ལུ་ རྒྱལ་ཁབ་ནང་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ནིའི་ དམིགས་ཡུལ་ཡོད་མི་དེ་ལུ་ སྤེལ་ཁང་དེ་གིས་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༥ དང་༢༠༢༠ གི་བར་ན་ འབྲུག་གློག་མེ་ལས་འཛིན་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ནང་ ལས་བྱེདཔ་༦,༥༠༠ དེ་ཅིག་ དགོ་ནི་མས་ཟེར་ཨིན་པས།
ད་རེས་ འཇིགས་མེད་རྣམ་རྒྱལ་འཕྲུལ་རིག་སྤེལ་ཁང་ནང་ སློབ་སྦྱོང་པ་༢༤༠ ཡོདཔ་ད་ ཁོང་སློབ་རིམ་༡༢ པ་ མཐར་འཁྱོལ་བའི་ཤུལ་ལས་ འཛུལ་དོ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *