དགེ་ལེགས་ཕུག་དྲུང་པ་བགྲེསཔ་གིས་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་བཏུགས་འབད་ཡོདཔ།

༉ དགེ་ལེགས་ཕུག་དྲུང་ཁག་གིས་ དགེ་ལེགས་ཕུག་དྲུག་པ་བགྲེསཔ་ པདྨ་དབང་འདུས་ལུ་ ལོ་ངོ་༡༥ གི་ བཙོན་ཁྲིམས་བཀལ་བའི་ཤུལ་ལུ་ དྲུང་པ་གིས་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་བཏུགས་འབད་ཡོདཔ་ཨིན་པས།
དྲུང་ཁག་ཁྲིམས་འདུན་གྱིས་ གྲོས་ཆོད་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ གནང་ནུག།
དྲུང་པ་བགྲེསཔ་གིས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ རྩོད་གཞི་དེ་ གསར་སྤང་རྫོང་ཁག་ཁྲིམས་འདུན་ལུ་ སྤོ་སོར་གནང་དགོ་པའི་ ཞུ་བ་འབད་ཡོདཔ་ད་ མ་གཞི་ ཁོ་གི་ཞུ་ཡིག་ནང་ མཐོ་བཏུགས་འབད་བའི་གནད་དོན་ གསལ་བཀོད་འབད་དེ་མེད་རུང་ རྩོད་གཞི་ཁག་༨ ཆ་མཉམ་གྱི་ མཐོ་བཏུགས་འབད་ཡོདཔ་སྦེ་ སླབ་ཨིན་པས།
དྲུང་པ་བགྲེསཔ་ པདྨ་དབང་ཕྱུག་ལུ་ རྩོད་གཞི་ཁག་༨ ཀྱི་ནང་ལུ་ ངན་ལྷད་དང་ ཡིག་ཆ་རྫུས་བཟོ་ མ་དངུལ་ལོག་སྤྱོད་ བར་འབྲེལ་ཁེ་སང་ ཡིག་ཚང་གི་དབང་ཚད་ལོག་སྤྱོད་ ནང་གསུག་ ཁྲིམས་འགལ་གྱི་ལཱ་འབད་ནིའི་ རྒྱབ་སྐྱོར་འབད་མི་ཚུ་དང་འབྲེལ་བའི་ ཉེས་འཛུགས་ཁག་༢༠ ཕོག་ཏེ་འདུག།
དྲུང་པ་དང་གཅིག་ཁར་ དྲུང་ཁག་གི་ བདག་སྐྱོང་ལས་རོགསཔ་ བསོད་ནམས་ནོར་བུ་དང་ དྲུང་པ་གི་བུ་ སྟོབས་རྒྱས་དགྲ་འདུལ་གྱིས་ཡང་ མཐོ་བཏུགས་འབད་ནུག།
བདག་སྐྱོང་ངོ་ཚབ་དེ་ལུ་ མ་དངུལ་ལོག་སྤྱོད་དང་ ཡིག་ཆ་རྫུས་བཟོ་ ནང་གསུག་དང་ ཁྲིམས་འགལ་གྱི་ ལཱ་འབད་ནིའི་ནང་ རྒྱབ་སྐྱོར་འབད་བའི་ ཉེས་འཛུགས་ཚུ་ལུ་བརྟེན་ བརྩོན་ཁྲིམས་ལོ་ངོ་༨ དང་༡༩ འབདཝ་ད་ བཙོན་ཁྲིམས་ཁག་གཉིས་ ཕོག་ཡོདཔ་ཨིན་རུང་ ཚབས་ཆེ་བའི་ཉེས་ལས་ཀྱི་ རྩོན་ཁྲིམས་དེ་ལུ་ གཞི་བཞག་ཐོག་ལས་ ལོ་ངོ་༨ མ་གཏོགས་ མ་བཀལཝ་ཨིན་པས།
པདྨ་དབང་འདུས་དང་ བསོད་ནམས་དབང་འདུས་གཉིས་ཀྱིས་ རྒྱ་གར་གྱི་ས་གནས་ སི་ཀིམ་ལས་ དགེ་ལེགས་ཕུག་ཁྲོམ་ཁར་ཡོད་པའི་ བློ་གསལ་གློག་བརྙན་ཁང་གི་ མ་དངུལ་ལེན་ནིའི་ནང་ ཉེས་ལས་འཐབ་མི་དང་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་ཁ་ཕོག་ཡོདཔ་ཨིན་པས།
སྟོབས་རྒྱས་དགྲ་འདུལ་གྱིས་ དགེ་ལེགས་ཕུག་ཚ་ཆུ་དང་ གསེར་གཤོང་དུར་ཁྲོད་ ཉམས་བཅོས་འབད་བའི་སྐབས་ གཡོ་སྒྱུ་གི་ ལཱ་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ་མ་ཚད་ ཁོ་གི་ཆོག་ཐམ་དེ་ནང་ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ དྲུང་ཁག་ཁྲིམས་འདུན་གྱིས་ གཡོ་སྒྱུ་དང་ ཁྲིམས་འགལ་འབད་ནི་ལུ་ རྒྱབ་སྐྱོར་ཚུ་འབད་མི་ མི་གྲངས་༨ ལུ་ བཙོན་ཁྲིམས་དུས་ཡུན་ཟླ་ངོ་༣ ལས་ལོ་༤ རེའི་བར་ན་ བཀལ་ཡོདཔ་ཨིན་པས།
དྲུང་ཁག་ཁྲིམས་འདུན་གྱིས་ རྩོད་གཞི་དེ་ འཕྲལ་མགྱོགས་ར་ གསར་སྤང་རྫོང་ཁག་ཁྲིམས་འདུན་ལུ་ གཏང་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *