རྡོག་མའི་དོས་ཚུ་ རྒྱ་གར་གྱི་ སྣུམ་འཁོར་ཅིག་ནང་ སྤོ་སོར་འབད་བའིབསྒང་།

དགེ་ལེགས་ཕུག་གི་ རྡོག་མའི་ཁེ་སང་ རྒྱ་གར་དཱད་ག་རི་ལུ་ སྡོད་མི་ཚུ་གིས་ སྤྱོད་དོ་ཡོདཔ།

༉ གསར་སྤང་དེ་ རྒྱལ་ཁབ་ནང་ རྡོག་མ་མང་ཤོས་ ཐོན་སྐྱེད་འབད་མི་ རྫོང་ཁག་ཅིག་ཨིནམ་ད་ དུས་ཅི་ ཁོང་གི་འོང་འབབ་ལས་ བརྒྱ་ཆ་༤༠ དེ་ཅིག་ རྒྱ་གར་གྱི་ ས་མཚམས་ས་གནས་ དཱད་ག་རི་ལུ་ སྡོད་མི་ཚུ་གིས་ ཟ་དོ་ཡོདཔ་ཨིན་པས།

ཆུ་གཟར་སྒང་ལས་ པདྨ་ཚེས་བཅུ་གིས་ སླབ་མིའི་ནང་ ཁོང་གིས་ རྡོག་མ་ཚུ་ ཐད་ཀར་དུ་ ཨ་སཱམ་གྱི་ ཚོང་པ་ཚུ་དང་ འབྲེལ་བ་འཐབ་སྟེ་ བཙོང་ནིའི་དཔའ་བཅམ་དོ་ཡོདཔ་ཨིན་རུང་ ལམ་བདའ་སྟེ་ རྒྱ་གར་གྱི་མི་ཚུ་གིས་ ཁོང་གི་ མི་ཚུ་བར་ན་བཙུགས་དགོཔ་ བང་བཙོངམ་མས་ཟེར་ཨིན་པས།

ཨིན་རུང་ ཆུ་གཟར་སྒང་ལུ་ བཀྲིས་ཕན་བདེ་སྡེ་ཚན་ཟེར་ གཞི་བཙུགས་འབད་བའི་བསྒང་ཡོད་མི་ སོ་ནམ་པ་སྡེ་ཚན་དེ་ལུ་བརྟེན་ དཀའ་ངལ་དེ་ སེལ་ཐབས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ད་ དེ་ཡང་ སྡེ་ཚན་དེ་གིས་ གསར་སྤང་གི་ རྡོག་མ་ཚུ་ག་ར་ ལེན་ཐོག་ལས་ རྡོག་མ་གི་ཐོན་སྐྱེད་ཚུ་ བཟོ་ནི་ཨིན་མི་ལུ་ བརྟེན་ཏེ་ཨིན་པས།

པདྨ་ཚེས་བཅུ་གིས་ སླབ་མིའི་ནང་ དཱད་ག་རི་གི་ ཚོང་པ་ཚུ་ བར་ན་བཙུགས་པའི་སྐབས་ ཁོང་ལུ་ རྡོག་མ་ཀུན་ཊཱལ་རེ་ལུ་ དངུལ་ཀྲམ་༣,༠༠༠ རེ་ལས་བརྒལ་ མི་ཐོབ་དོ་ཡོདཔ་ད་ ཁོང་གིས་ ད་ལས་ཕར་ རྡོག་མ་ཕྱིར་བཙོང་ མར་ཕབ་འབད་དེ་ ཤུལ་ལས་ ནང་འདྲེན་འབད་མ་དགོཔ་ བཟོ་ནི་ཨིན་ཟེར་ཨིན་པས།

ཧེ་མ་ ཁོང་གིས་ རྒྱ་གར་གྱི་ རྡོག་མ་ཉོ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་སྟེ་ ཚོང་འབྲེལ་འཐབ་པའི་སྐབས་ རྡོག་མ་ཀུན་ཊཱལ་རེ་ལུ་ དངུལ་ཀྲམ་༥,༠༠༠ དང་༦,༨༠༠༠ དེ་རེ་ འཐོབ་ནི་ཡོད་རུང་ བར་ནའི་མི་ཚུ་གིས་ ཁེ་སང་སྦོམ་སྦེ་ར་ བཟའཝ་མས་ཟེར་ཨིན་པས།

སྡེ་ཕྲན་དེ་ གཞི་བཙུགས་འབད་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་དེ་ དགོས་མཁོ་ཅན་གྱི་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་བྱིན་ཡོདཔ་ད་ དེ་གིས་ ན་གཞོན་༡༥ དེ་ཅིག་ལུ་ ལཱ་གཡོག་ཡང་ སྤྲོད་ཚུགས་ནི་ཨིན་པས།

ཕང་ཟོར་སྤྱི་འོག་ནང་ གཞུང་གི་ས་ཆ་ ཨེ་ཀར་༥ གླ་ཁར་ལེན་ནིའི་དོན་ལུ་ འཇལ་མི་དེ་ ཆ་མེད་སོང་བའི་ཤུལ་ལུ་ ད་རེས་ སཱན་ས་རི་ཁྲོམ་དང་ ནོར་བུ་གླིང་སློབ་གྲྭ་ལྟེ་བའི་ ཉེ་འདབས་ལུ་ གནས་སྐབས་ཀྱི་ ས་ཁོངས་ཅིག་ བྱིན་ཡོདཔ་ཨིན་པས།

པདྨ་ཚེས་བཅུ་གིས་ བཤད་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ སྡེ་ཕྲན་གཞི་བཙུགས་འབད་ནིའི་དོན་ལུ་ ས་ཆ་སྟོངམ་དེ་ བསལ་ཞིནམ་ལས་ བཟོ་སྐྲུན་གྱི་ གཞི་རྟེན་ལཱ་ཚུ་ འགོ་བཙུགས་དགོཔ་སྦེ་སླབ་སྟེ་ ཤུལ་ལས་ ཆ་མེད་བཏང་བཞག་མི་ལུ་བརྟེན་ སྤྱི་ལོ་༢༠༡༨ དང་༢༠༡༩ ལུ་ རྡོག་མ་མུ་ཟ་བཙོང་སྟེ་ དངུལ་ཀྲམ་༣༧༠,༠༠༠ བཟོ་མི་དེ་ ཆུད་ཟད་ཡར་སོ་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་ལྟོའི་ས་ཁོངས་ནང་ ཐོན་སྐྱེད་ས་ཁོངས་དེ་ ལེགས་ཤོམ་སྦེ་ གཞི་བཙུགས་འབད་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིནམ་ད་ ས་ཆ་གཏན་འཁེལ་མེད་མི་དེ་གིས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་དོ་ཟོར་ཨིན་པས།

སྡེ་ཚན་དེ་གིས་ རྡོག་མ་མུ་ཟ་དང་ སུ་པ་རི་ཚུ་ ཐོན་སྐྱེད་འབད་ནི་དང་ ཟླ་རིམ་བཞིན་དུ་ ཨ་ལེན་ཅི་ཡང་ ཊཱོན་རེ་ ཉོ་ཚུགས་ནི་ཨིན་པས།

འཐུས་མི་ཅིག་གིས་ སླབ་མིའི་ནང་ གློ་བུར་གྱི་ ཟད་འགྲོ་ཚུ་གཏང་ནི་དང་ ས་ཁོངས་ནང་ གོང་འཕེལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ འཐུས་མིའི་འཛུལ་འཐུས་དང་ དངུལ་ཐེབས་ཚུ་ཡང་ བསྡུ་ལེན་འབད་དེ་ ཡོད་ཟེར་ཨིན་པས།

གསར་སྤང་ལུ་ སྤྱི་ལོ་༢༠༡༨ དང་༢༠༡༩ ལུ་ རྡོག་མ་མེ་ཊིག་ཊཱོན་༤,༨༠༠ དང་ ན་ཧིང་ མེ་ཊིག་ཊཱོན་༤,༡༠༠ ཐོན་སྐྱེད་འབད་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ རྡོག་མ་བཙོང་སྟེ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༤༠,༠༠༠ དང་༧༠༠,༠༠༠ དེ་རེ་ བཟོ་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *