ད་རིས་ ས་ཁ་མཐོ་སའི་ ས་གནས་ཚུ་ནང་ ཁཝ་དུམ་གྲ་རེ་ རྐྱབ་ནི་བཟུམ་ཡོདཔ།

༉ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པ་ལྟེ་བ་གིས་ ད་རིས་ ས་ཁ་མཐོ་སའི་ ས་གནས་ཚུ་ནང་ ཁཝ་དུམ་གྲ་རེ་ རྐྱབ་ནི་བཟུམ་སྦེ་ཡོདཔ་ད་ ཤར་ཕྱོགས་དང་ ནུབ་ཕྱོགས་ དེ་ལས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ཉིན་གྲངས་༢ ཀྱི་རིང་ ས་སྨུག་སྤུབ་ནི་བཟུམ་ཡོད་པའི་ སྔོན་བཤད་འབད་ནུག།
ལྟེ་བ་གིས་ མི་སྡེ་བརྡ་བརྒྱུད་ནང་ བཀོད་མི་དང་འཁྲིལཝ་ད་ ད་རིས་ཕྱི་རུ་དང་ གནམ་ནུབ་མོའི་སྐབས་ ས་ཁ་མཐོ་སའི་ ས་གནས་ཚུ་ནང་ལས་ཕར་ ཆརཔ་དང་ ཁཝ་དུམ་གྲ་རེ་ རྐྱབ་ནི་མས་ཟེར་ཨིན་པས།
ལྟེ་བའི་གཙོ་འཛིན་འོགམ་ ཏེ་བ་བི་ཏ་མང་གིས་ སླབ་མིའི་ནང་ ཤར་ཕྱོགས་དང་ ནུབ་ཕྱོགས་ དེ་ལས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ མང་ཤོས་ར་ ས་སྨུག་སྤུབ་ནི་ཨིནམ་མ་ཚད་ ཆརཔ་དུམ་གྲ་རེ་ རྐྱབ་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་དགུན་གྱི་དུས་ཚོད་དེ་ སྤྱི་ཟླ་༡༢ པ་ལས་༢ པ་ཚུན་ཨིནམ་བཞིན་དུ་ ད་རེས་ གནས་གཤིས་དེ་ སེར་ཁའི་ཆརཔ་སྦེ་ བརྩི་འཇོག་འབད་དོ་ཟེར་ སླབ་ཨིན་པས།
ཏེ་བ་བི་ ཏ་མང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ དབུས་ཕྱོགས་རྫོང་ཁག་ནང་ ཁཝ་དུམ་གྲ་རེ་ རྐྱབ་ནིའི་ གོ་སྐབས་ཡོདཔ་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༡ ལས་ གནས་གཤིས་གནས་སྟངས་ ལེགས་ཤོམ་འགྱོ་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *