ད་ཚུན་ རྫོང་ཁག་༡༦ ལས་ གདམ་ངོ་༦༤ དེ་ཅིག་ བཙག་འཐུ་གྲུབ་ཡོདཔ།

ད༌ཚུན༌ རྫོང༌ཁག༌༡༦ གི༌དོན༌ལུ༌ རྒྱལ༌ཡོངས༌ཚོགས༌སྡེའི༌ གདམ༌ངོའི༌ འཛོམས༌ འདུ༌ འགོ༌འདྲེན༌འཐབ༌པའི༌ སྐབས༌ རྒེད༌ འོག༌གི༌གནས༌ཚད༌ལས༌ འདེམས་ངོ་༦༤ དེ༌ཅིག༌ གདམ་འཐུ༌ གྲུབ༌ནི༌དེ༌གིས༌ ཁོང༌ གིས༌ སྤྱི༌ཟླ༌༤ པའི༌ཚེས༌༢༠ ལུ༌ རྒྱལ༌ ཡོངས༌ཚོགས༌ སྡེའི༌ འཐུས༌མི་དོན༌ལུ༌ ཚོགས༌རྒྱན༌འགོ༌འདྲེན༌འཐབ༌པའི༌སྐབས༌ བཅའ༌མར༌ གཏོགས༌ནི༌ཨིན༌པས།

དེ་ཡང་ ཁ་ཙ་ཚུན་གྱི་ གདམ་ངོའི་ཞལ་འཛོམས་ཀྱི་ གྲུབ་འབྲས་དང་འཁྲིལ་བ་ཅིན་ ཆུ་ཁ་རྫོང་ཁག་གི་ རྒེད་འོག་༦ ལས་ གདམ་ངོ་༦ བཙག་འཐུ་གྲུབ་ཡོདཔ་ད་ དེའི་གྲས་ཁར་ ད་རེས་ ཕྱག་ཞུ་བའི་བསྒང་ཡོད་མི་ པདྨ་བསྟན་འཛིན་དང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཚེ་དབང་ལྷ་མོ་ཡང་ ཡོདཔ་ཨིན་པས།

བྱག་ཕྱོགས་རྒེད་འོག་གི་ ཚེ་དབང་ལྷ་མོ་དེ་ སྤྱི་ལོ་༢༠༡༣ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ ད་ལྟོ་ཕྱག་ཞུ་མི་ སྐྱབས་ཆ་རྒེད་འོག་གི་ པདྨ་བསྟན་འཛིན་གྱིས་ ཕམ་བཏང་ཡོདཔ་ཨིན་པས།

དེ་ལས་ དར་དཀར་ནང་འབད་བ་ཅིན་ གདམ་ངོ་༣ བཙག་འཐུ་གྲུབ་ཡོདཔ་ད་ ཧཱ་དང་ལྷུན་རྩེ་རྫོང་ཁག་ལུ་ ད་ཚུན་ གདམ་ངོ་༢ བཙག་འཐུ་གྲུབ་ཡོདཔ་ད་ མགར་ས་ཁ་སྟོད་རྒེད་འོག་ནང་འབད་བ་ཅིན་ ད་རེས་ ཕྱག་ཞུ་བའི་བསྒང་ཡོད་མི་ སངས་རྒྱས་མཁའ་འགྲོ་དེ་ རྒེད་འོག་གི་གནས་ཚད་ནང་ལས་ར་ གདམ་ངོ་སྦེ་ གྲུབ་མ་ཚུགས་པར་ཡོདཔ་ད་ ཁོ་གིས་ འདས་པའི་ལོ་༡༠ གྱི་རིང་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་ནུག།

རྒེད་འོག་ལས་ ཌོག་ཊར་ཕུརཔ་རྡོ་རྗེ་གིས་ ཚོགས་རྒྱན་༡༢༧ ཐོབ་སྟེ་ གདམ་ངོ་སྦེ་བཙག་འཐུ་གྲུབ་ཡོདཔ་ད་ ད་ལྟོ་ཕྱག་ཞུ་བའི་བསྒང་ཡོད་མི་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་༦༦ དང་ བསྟན་འཛིན་རྣམ་རྒྱལ་གྱིས་ ཚོགས་རྒྱན་༤༤ ལས་བརྒལ་ཐོབ་མ་ཚུགས་པས།

མོང་སྒར་རྫོང་ཁག་གི་ རྒེད་འོག་༧ ལས་ གདམ་ངོ་༧ བཙག་འཐུ་གྲུབ་ཡོདཔ་ད་ དེའི་གྲས་ཁར་ ད་རེས་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་བསོད་ནམས་དབང་ཕྱུག་དེ་ སྔ་ཚང་རྒེད་འོག་ལས་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ སྤ་རོ་རྫོང་ཁག་ལས་ གདམ་ངོ་༤ བཙག་འཐུ་གྲུབ་ནུག།

པདྨ་དགའ་ཚལ་ལས་འབད་བ་ཅིན་ གདམ་ངོ་༦ བཙག་འཐུ་གྲུབ་ཡོདཔ་ད་ གདུང་སྨད་དང་ ཕྱི་མུང་ ཆོས་འཁོར་གླིང་ བཟོ་སྦལ་ དེ་ལས་ སྐྱོང་ཤིང་རྒེད་འོག་ཚུ་ལས་ མི་ངོམ་ཐོན་མི་མེདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་ལུ་ རྒེད་འོག་༢ ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་མི་ལས་ ལའུ་རེ་རྒེད་འོག་ལས་ ད་ལྟོ་ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་འཇིགས་མེད་དབང་ཕྱུག་གིས་ ཚོགས་རྒྱན་༤༠༤ ཐོབ་སྟེ་ གདམ་ངོ་སྦེ་གྲུབ་ཡོདཔ་ད་ ཁོ་ལུ་དོ་འགྲན་འབད་མི་༢ ཀྱིས་ ཚོགས་རྒྱན་༢༡༩ དང་ གཞན་མི་གིས་༡༨༤ ལས་བརྒལ་ ཐོབ་མ་ཚུགས་པས།

བསམ་རྩེ་ལས་ གདམ་ངོ་༦ བཙག་འཐུ་གྲུབ་ཡོདཔ་ད་ རྣམ་རྒྱས་ཆོས་གླིང་དང་ བཀྲིས་ཆོས་གླིང་ ཨྱོན་རྩེ་ ནོར་བུ་སྒང་ དོན་ཆུ་ཁ་ དེ་ལས་ ནོར་རྒྱས་སྒང་ལས་ མི་ངོམ་ཐོན་མི་མེདཔ་ད་ ཐིམ་ཕུག་ ལྕང་རྒེད་འོག་ལས་འབད་བ་ཅིན་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཉི་མ་རྒྱལ་མཚན་དེ་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གི་དོན་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ དགོ་གི་ཚོགས་རྒྱན་༢༠༡ དང་ མི་དགོ་གི་ཚོགས་རྒྱན་བཙུགས་མི་༢༡ ཐོན་ནུག།

བཀྲིས་གཡང་རྩེ་ལུ་ གདམ་ངོ་༣ བཙག་འཐུ་གྲུབ་ཡོདཔ་ད་ བཀྲིས་སྒང་ལུ་ གདམ་ངོ་༨ བཙག་འཐུ་གྲུབ་ཡོདཔ་ད་ རྫོང་ཁག་གི་ བཀང་ལུང་དང་རྐང་པ་ར་ མཁའ་གླིང་ ཕོངས་མེད་ སག་སྟེང་ ཡང་གཉེར་ དེ་ལས་ བཀྲིས་སྒང་ཁྲོམ་ལས་ མི་ངོམ་ཐོན་མི་མེདཔ་ཨིན་པས།

རྩི་རང་རྫོང་ཁག་ལས་ གདམ་ངོ་༦ བཙུག་འཐུ་གྲུབ་ཡོདཔ་ད་ མནྜལ་སྒང་རྒེད་འོག་ལས་ ད་ལྟོ་ཕྱག་ཞུ་བའི་བསྒང་ཨིན་མི་ འཐུས་མི་ཀ་མལ་ བྷ་དུར་ གུ་རུང་དེ་ གདམ་ངོ་སྦེ་ བཙག་འཐུ་གྲུབ་མ་ཚུགས་པས།

དབང་འདུས་ཕོ་བྲང་ རུས་སྦིས་ས་རྒེད་འོག་ལས་ ད་ལྟོ་ཕྱག་ཞུ་བའི་བསྒང་ཨིན་མི་ འཐུས་མི་བཀྲིས་རྡོ་རྗེ་དེ་ གདམ་ངོ་སྦེ་བཙག་འཐུ་གྲུབ་ཡོདཔ་ད་ དགའ་སེང་ཚོ་འོགམ་དང་ཕོབ་སྦྱིས་ དེ་ལས་ དྭངས་ཆུ་རྒེད་འོག་ལས་ མི་ངོམ་ཐོན་མི་མེདཔ་ད་ གཞལམ་སྒང་ལུ་འབད་བ་ཅིན་ ད་ཚུན་ གདམ་ངོ་༤ བཙག་འཐུ་གྲུབ་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན༌འཛིན༌རྣམ༌རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *