ཐེངས་རེ་གཉིས་ སྒེར་སྤྱོད་འབད་མི་དེ་ གནད་དོན་སྦོམ་ཅིག་མེནམ།

༉ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ རྒེད་འོག་ཚུ་ནང་ བཀྲམ་སྤེལ་འབད་མི་ སྣུམ་འཁོར་བོ་ལི་རོ་ཚུ་ ཚུལ་མིན་སྤྱོད་དོ་ཡོད་པའི་ ལོ་རྒྱུས་ཐོན་མི་དེ་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ རྒེད་འོག་ཚུ་གིས་ དུམ་གྲ་རེ་ ཚུལ་མིན་སྤྱོད་མི་དེ་ལུ་ གནད་དོན་སྦོམ་ བཟོ་ནི་མི་འོང་ཟེར་ གསུངས་ཡི།

དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ གྲོས་འཛོམས་གནང་པའི་སྐབས་ བློན་ཆེན་གྱིས་ ཐེངས་རེ་གཉིས་ ཚུལ་མིན་སྤྱོད་མི་དེ་ལུ་ གནས་ཚུལ་དར་ཁྱབ་ མ་བཏང་ཟེར་གསུངས་ཡི།
བློན་ཆེན་གྱིས་ རྒྱལ་ས་ལྟེ་བ་ལུ་ཡང་ གཞུང་གི་ འགོ་དཔོན་ཚུ་གི་དོན་ལུ་ སྒྲིག་རྒྱུག་ སྣུམ་འཁོར་ལེ་ཤ་ཡོདཔ་ལས་ དེ་ཚུ་ཡང་ འཕྲལ་འཕྲལ་སྐབས་ སྒེར་གྱི་དོན་ལུ་ སྤྱོད་དོ་ཡོདཔ་ལས་ དེ་བཟུམ་སྦེ་ དུམ་གྲ་རེ་ འབད་མི་ཐོནམ་ཅིག་ གནད་དོན་བཟོ་སྡོད་པ་ཅིན་ བཟོ་ཡང་མི་ཚར་ཟེར་ གསུངས་ཡི།
ཨིན་རུང་ བློན་ཆེན་གྱིས་ འཕྲལ་འཕྲལ་སྦེ་ར་ སྒེར་གྱི་དོན་ལུ་ ལག་ལེན་འཐབ་མི་ འཐོན་པ་ཅིན་ གཞུང་ལུ་ཚ་གྱང་ཡོདཔ་ལས་ གནས་སྟངས་དེ་བཟུམ་ནང་ཨིན་པ་ཅིན་ གཞུང་གིས་ ལྟ་ཞིབ་འབད་འོང་ཟེར་གསུངས་ཡི།
རྒེད་འོག་གི་དོན་ལུ་ སྣུམ་འཁོར་འགོ་དང་པ་ བྱིན་དོ་ཡོདཔ་ལས་ དེ་བཟུམ་འབད་མི་ལུ་ དུམ་གྲ་རེ་ ཕན་སེམས་བསྐྱེད་དགོ་ཟེར་ཨིན་པས།
རྒེད་འོག་ཚུ་གི་ སྣུམ་འཁོར་དོན་ལུ་ གཞུང་གིས་ འགོ་དང་པ་ ཉམས་བཅོས་དང་ ས་སྣུམ་གྱི་དོན་ལུ་ ལོ་གཅིག་ནང་ དངུལ་ཀྲམ་༦༠,༠༠༠ བྱིན་དོ་ཡོད་མི་དེ་ མ་ལང་ནི་དེ་གིས་ ཡར་སེང་འབད་དེ་ དངུལ་ཀྲམ་ས་ཡ་༠.༡༧ གུ་ སེང་ཡོདཔ་ཨིན་པས།
རྒེད་འོག་གི་བཀོལ་སྤྱོད་སྣུམ་འཁོར་ཚུ་ བཀྲམ་སྤེལ་འབད་དེ་ བདུན་ཕྲག་དག་པ་ཅིག་གི་ཤུལ་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ སྒེར་སྤྱོད་འབད་དོ་ཡོད་པའི་སྐོར་ལས་ པར་དང་གཅིག་ཁར་ ཐེངས་མང་རབས་ཅིག་ ཐོན་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *