ཐིམ་ཕུག་སི་ཊི་སྡེ་ཚན་(ཁེན་ཇར་དམརཔོ་)དང་ ཊཱནསི་པོརཊི་ ཡུ་ནའེ་ཊེཌ་བར་ན་ རྩེད་འགྲན་འབད་བའི་བསྒང་།

ཐིམ་ཕུག་སི་ཊི་སྡེ་ཚན་གྱི་ དོ་དམ་པ་གིས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ དུས་ཡུན་ཆུ་ཚོད་༡ གི་རིང་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ ཐིམ་ཕུག་སི་ཊི་སྡེ་ཚན་གྱི་ དོ་དམ་པ་ ཚེ་རིང་རྡོ་རྗེ་གིས་ སྦྱེལཝ་སྦྱེལ་སར་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་ཁར་ ད་ལྟོ་ཚུན་ རྩེད་འགྲན་སྐོར་ཐེངས་༧ མཇུག་བསྡུཝ་ད་ སྡེ་ཚན་གྱིས་ ཨང་དང་པའི་ནང་ལྷོད་ནུག།

དེ་ཡང་ ཐིམ་ཕུག་སི་ཊི་ལུ་ དོ་འགྲན་སྦོམ་ཤོས་ཅིག་ཨིན་མི་ ཊཱནསི་པོརཊི་ ཡུ་ནའེ་ཊེཌ་དང་ རྩེད་འགྲན་འབད་བའི་སྐབས་ ཚེ་རིང་རྡོ་རྗེ་གིས་ ལྷག་པར་དུ་ རྩ་འགེངས་ཏེ་ རྩེད་འགྲན་འབད་བའི་ གྲུབ་འབྲས་གལ་ཅན་ཅིག་ཨིནམ་སྦེ་ སྡེ་ཚན་གྱི་ འགོ་འདྲེན་པ་གིས་ བཤདཔ་ཨིན་པས།

སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་དེ་ སྐར་མ་༡༨ ལུ་ ཚེ་རིང་རྡོ་རྗེ་གིས་ གཱོལ་༡ པ་བཙུགས་པའི་རྗེས་སུ་ སྡེ་ཚན་ག་གི་ཧོངས་ལུ་ཡང་ གཱོལ་ཐེབས་བཙུགས་མ་ཚུགས་པར་ བར་མཚམས་ངལ་གསོ་ལེན་ཡི།

ཨིན་རུང་ བར་མཚམས་ཀྱི་ཤུལ་ལས་ དུས་ཡུན་སྐར་མ་༦༦ ལུ་ དོ་དམ་པ་ཚེ་རིང་རྡོ་རྗེ་གིས་ གཱོལ་༢ པ་བཙུགས་ཏེ་ སྐར་མ་༤ ལུ་ གཱོལ་༣ པ་དེ་ བཙུགས་ཡི།

ཊཱནསི་པོརཊི་ ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ བརྩོན་ཤུགས་ཐེབས་བསྐྱེད་དེ་ རྩེད་འགྲན་འབད་མི་ལུ་བརྟེན་ སྐར་མ་༧༨ ལུ་ བསམ་པ་ཚེ་རིང་གིས་ གཱོལ་༡ བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ གཱོལ་འདྲན་འདྲ་བཙུགས་མ་ཚུགསཔ་ལས་ ཕམ་སོ་ཡི།

ཊཱནསི་པོརཊི་ ཡུ་ནའེ་ཊེཌ་ལས་ རྩེད་འགྲན་པ་དང་ རྒྱབ་སྐྱོར་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཐིམ་ཕུག་སི་ཊི་སྡེ་ཚན་ལས་ རྒྱལ་ཁ་འཐོབ་ཚུགསཔ་འབད་ནིའི་དོན་ལུ་ སྦྱོང་བརྡར་འབད་བའི་ཁར་ རྩེད་འགྲན་པ་ཚུ་གིས་ཡང་ རྩ་འགེངས་ཡི་ཟེར་ཨིན་པས།

གལ་སྲིད་ ཐིམ་ཕུག་སི་ཊི་ལས་ རྒྱལ་ཁ་འཐོབ་པ་ཅིན་ ཊཱནསི་པོརཊི་ ཡུ་ནའེ་ཊེཌ་གིས་ སྐུགས་༢༢ ཐོབ་སྟེ་ ཨང་༡ པའི་ནང་ ལྷོད་ནི་ཨིན་རུང་ ད་རེས་ སྐུགས་༡༩ སྦེ་ ཐིམ་ཕུག་སི་ཊི་དང་ དོ་མཉམ་སྦེ་ཡོད་རུང་ གཱོལ་མང་ཤོས་ར་ སྡེ་ཚན་གྱིས་ བཙུགས་ཡོདཔ་ལས་ ཨང་༢ པའི་ནང་ལྷོད་དེ་ཡོད་ཟེར་ རྩེད་འགྲན་པ་ཚུ་གིས་ བཤདཔ་ཨིན་པས།

ནངས་པར་ སྤུ་ན་ཁ་ལུ་སྦེ་ ཨྱོན་རིག་པའི་འབྱུང་གནས་ཀྱིས་ ཧའེ་ཀོ་ལི་ ཡུ་ནའེ་ཊེཌ་དང་ རྩེད་འགྲན་འབད་ནི་ཨིནམ་ད་ དུས་ཅི་གི་ རྩེད་འགྲན་ནང་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *