མེ་རྐྱེན་བྱུང་པའི་ཤུལ་ལས་ ཅ་ཆས་ཚུ་ སེལ་བའི་བསྒང་།

ཐིམ་ཕུག་ལྕང་སྒྱིད་དར་ཕུག་ལུ་ མེ་རྐྱེན་གྱིས་ བཟའ་ཚང་༡༤ ལུ་ སྡོད་གནས་མེདཔ་བཟོ་ཡོདཔ།

༉ ད་རིས་ སྤྱི་ཟླ་༩ པའི་ཚེས་༦ གི་དྲོ་པར་ ཆུ་ཚོད་༥.༣༠ དེ་ཅིག་ཁར་ ཐིམ་ཕུག་ལྕང་སྒྱིད་དར་ཕུག་ (ཡོངས་གྲགས་ལུ་ ཀ་ལ་བ་ཛར་ཟེར་སླབ་མི) ལུ་ མེ་རྐྱེན་བྱུང་སྟེ་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་༢ དང་ སྦ་སྒོར་༦ འཚིགས་སོཔ་ལས་ ཁྱིམ་དེ་ཚུ་ནང་སྡོད་མི་ བཟའ་ཚང་༡༤ ལུ་ སྡོད་གནས་མེདཔ་བཟོ་ནུག།

ད་རུང་ མེ་རྐྱེན་གྱིས་ ཐོག་ཚད་གསུམ་འབད་མི་ རྩི་སའི་སྒྲིང་ཁྱིམ་ཆ་ཤས་ཅིག་དང་ སྣུམ་འཁོར་ཨཱལ་ཊོ་ཅིག་ འཚིགས་ཡོདཔ་ཨིན་རུང་ མི་ལུ་ གནོད་སྐྱོན་དང་ ཤི་རྐྱེན་བྱུང་པའི་ སྙན་ཞུ་མིན་འདུག།

མེ་རྐྱེན་དེ་ སྦ་སྒོར་ཅིག་ནང་ལས་ ཟུན་པའི་ཤུལ་ལས་ སྦ་སྒོར་གཞན་ཚུ་ནང་ ཁྱབ་སྤེལ་སོང་ཡོད་རུང་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *