གདམ་འཐུ་གྲུབ་མི་ ཉི་མ་རྒྱལ་མཚན་གྱིས་ ཁོ་རའི་ ཚོགས་རྒྱན་བཙུགས་མི་ཚུ་དང་གཅིག་ཁར་ གསལ་ཞུ་འབད་བའི་བསྒང་།

ཐིམ་ཕུག་ལྕང་གིས་ ཚོགས་སྡེའི་འཐུས་མི་ གདམ་ འཐུ་འབད་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༥ ལུ་ ཐིམ་ཕུག་ལུ་ གདམ་ངོའི་འཛོམས་འདུ་ འགོ་བཙུགསཔ་དང་གཅིག་ཁར་ ཐིམ་ཕུག་རྫོང་ཁག་གི་ ད་ལྟོ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་མི་ ཉི་མ་རྒྱལ་མཚན་གྱིས་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་ནི་ཨིན་པས།

ཉི་མ་རྒྱལ་མཚན་གྱིས་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ དགོ་༢༠༡ དང་ མི་དགོ་༢༡ ཐོབ་ཡོདཔ་ད་ རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༨༠༩ ཐོ་བཀོད་འབད་ཡོད་ས་ལས་༢༢༢ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

ཚོགས་རྒྱན་བཙུགས་མི་ཚུའི་གྲལ་ལས་ ཨམ་སྲུ་༡༡༧ དང་ ཕོ་སྐྱེས་༡༠༥ ཡོདཔ་ད་ ཉི་མ་རྒྱལ་མཚན་གྱིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ སླབ་མིའི་ནང་ ཁོ་གིས་ རྒྱལ་ཁབ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ འདས་པའི་ལོ་༥ འི་རིང་ ཕྱག་ཞུ་དོ་བཟུམ་སྦེ་ར་ འཕྲོ་མཐུད་ཕྱག་ཞུ་ནི་ཟེར་ཨིན་པས།

ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ མ་གཞི་ཁོང་གིས་ ཚོགས་རྒྱན་གྱི་ཉིནམ་ལུ་ འདེམས་ངོ་སྒྲིང་སྒྲི་དེ་ གདམ་འཐུ་འབད་ནི་ཨིན་རུང་ རང་སོའི་རྒེད་འོག་ནང་ལས་ དང་འདོད་ཅན་གྱི་ གདམ་ངོ་དགོཔ་དེ་ཡང་ ཁག་ཆེ་ཟེར་ཨིན་པས།

དྲོ་པ་ཧ་སག་ལས་ ཚོགས་རྒྱན་བཙུགས་མི་ཚུ་གི་གྲས་ལས་ ཧོང་མཚོ་ལས་འོང་མི་ སྐྱེས་ལོ་༧༣ ལང་མི་ ཨེ་ཆི་སྒྲོལ་མ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་ སྒྲིང་སྒྲི་བཟོ་ནི་ལུ་ ཕན་ཐོགས་འོང་ཟེར་ཨིནམ་ད་ ང་བཅས་མི་སེར་ལུ་ འདྲ་མཉམ་དང་དྲང་བདེན་གྱི་སྒོ་ལས་ ཕན་ཐོགས་ཚུགས་མི་ གདམ་ངོ་ཅིག་ དགོ་པས་ཟེར་ཨིན་པས།

ད་རུང་ ཚོགས་རྒྱན་བཙུགས་མི་ མི་སེར་སོ་ནམ་པ་ སྐྱེས་ལོ་༥༦ ལང་མི་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་ ཐོབ་དབང་དེ་ ལག་ལེན་འཐབ་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་པར་འོང་ཡི་ཟེར་ཨིནམ་ད་ ཚོགས་རྒྱན་གྱི་ཉིནམ་ལུ་ཡང་ རྒེད་འོག་ལྟེ་བ་ལུ་ ཚོགས་རྒྱན་བཙུགས་པར་ འོང་ནི་ཟེར་ཨིན་པས།

ཐིམ་ཕུག་རྫོང་ཁག་ནང་ དང་འདོད་ཅན་གྱི་ གདམ་ངོ་༡༠ ཡོད་པའི་གྲས་ལས་ མཐོ་ཤོས་ཁྲོམ་སྡེ་ནང་༤ ཡོད་མི་དེ་ཨིན་པས།

རྫོང་ཁག་དེ་ནང་ ཐིམ་ཕུག་ཁྲོམ་སྡེ་མ་བརྩིས་བར་ རྒེད་འོག་༨ ཡོད་པའི་ནང་ལས་ དར་དཀར་ལ་དང་ གླིང་བཞི་ སྲོས་ དེ་ལས་ ནཱ་རོ་རྒེད་འོག་༤ ནང་ ད་ཚུན་ འདེམས་ངོ་མེདཔ་ད་ ཐིམ་ཕུག་ཁྲོམ་ཁར་ ཚོགས་རྒྱན་བཙུགས་མི་མཐོ་ཤོས་༧,༦༧༧ ཡོདཔ་ད་ སྲོས་རྒེད་འོག་ནང་ ཉུང་ཤོས་༡༦༠ ཡོདཔ་ཨིན་པས།

རྫོང་ཁག་འོག་གི་ རྒེད་འོག་༨ དང་ ཁྲོམ་སྡེའི་ གདམ་ངོ་གི་འཛོམས་འདུ་ཚུ་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ མཇུག་བསྡུ་ནི་ཨིནམ་ད་ འཛོམས་འདུ་མཇུག་དེ་ར་ ནཱ་རོ་རྒེད་འོག་ནང་ འགོ་འདྲེན་འཐབ་ནི་ཨིན་པས།

ཐིམ་ཕུག་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༤,༢༠༩ ཡོད་པའི་གྲས་ལས་༦,༦༩༦ ཨམ་སྲུ་དང་༧,༥༡༣ ཕོ་སྐྱེས་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *