ཐིམ་ཕུག་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་མི་ཚུ་གི་ དཔེ་ཚད་བསྡུ་ལེན།

༉ ཁ་ཙ་ གསོ་བའི་འགོ་དཔོན་ཚུ་གིས་ ཐིམ་ཕུག་ལས་ བསམ་གྲུབ་ལྗོངས་མཁར་ལུ་ལྷོད་མི་༡༡༠ དེ་ཅིག་ལས་ དཔེ་ཚད་ཚུ་ བསྡུ་ལེན་འབད་དེ་ ཨར་ཊི་-པི་སི་ཨར་བརྟག་དཔྱད་ཀྱི་དོན་ལུ་ བདེ་བ་ཐང་ལུ་བཏང་ནུག།

བསྡུ་ལེན་འབད་མི་ དཔེ་ཚད་ཚུ་ག་ར་ ཨེན་ཊི་ཇཱན་བརྟག་དཔྱད་འབད་བའི་སྐབས་ ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་བཞིན་དུ་ འགོ་དཔོན་ཚུ་གིས་ སྤྱི་ཟླ་༡༢ པའི་ཚེས་༧ དང་༡༩ འི་བར་ན་ ཐིམ་ཕུག་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་མི་ཚུ་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ལུ་འབད་བ་ཅིན་ དཔེ་ཚད་༢༡ དང་ སྒོམ་དར་རྒེད་འོག་ནང་ལས་ དཔེ་ཚད་༡༦ དེ་ཅིག་ བསྡུ་ལེན་འབད་ཡོདཔ་བཞིན་དུ་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་འབད་བ་ཅིན་ དཔེ་ཚད་༢༦ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ དཔེ་ཚད་༡༨ དེ་ཅིག་དང་ བདེ་བ་ཐང་ལུ་ དཔེ་ཚད་༢༩ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ད་ འགོ་དཔོན་ཚུ་གིས་ དཔེ་ཚད་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ལས་ གྱངས་ཁ་ཡར་སེང་འགྱོ་འོང་ཟེར་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ བསམ་གྲུབ་ལྗོངས་མཁར་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ མི་མང་སྤུངས་འཛོམས་འབད་ནི་ལས་ འཛེམ་ཐབས་ལུ་ ཁ་ཙ་ལས་འགོ་བཙུགས་ མདའ་དང་ ཁུ་རུ་ དེ་ལས་ ཕུཊ་བཱོལ་ལ་སོགས་པའི་ རྩེད་རིགས་ཚུ་ མཚམས་འཇོག་གི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ པདྨ་དགའ་ཚལ་ལུ་ ཐིམ་ཕུག་འོང་མིའི་ དཔེ་ཚད་༢༡༡ དེ་ཅིག་ བསྡུ་ལེན་འབད་ཡོདཔ་བཞིན་དུ་ ཨེན་ཊི་ཇཱན་བརྟག་དཔྱདན་སྐབས་ ག་ར་ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་ཨིན་པས།

པདྨ་དགའ་ཚལ་གྱི་ ས་ཁོངས་གཞན་ཚུ་ནང་ བསྡོམས་དཔེ་ཚད་༡༦༡ དེ་ཅིག་ བསྡུ་ལེན་འབད་མིའི་གྲས་ལས་ དཔེ་ཚད་༤༥ དེ་ཅིག་ བདེ་བ་ཐང་ལུ་ ཨར་ཊི་-པི་སི་ཨར་བརྟག་དཔྱད་གྱི་དོན་ལུ་ བཏང་ཡོདཔ་བཞིན་དུ་ ལྷག་ལུས་དཔེ་ཚད་ཚུ་ ད་རིས་ བདེ་བ་ཐང་ལུ་ གཏང་ནི་ཨིན་པས།

དེ་ལས་ ངང་ལམ་དྲུང་ཁག་ནང་ དཔེ་ཚད་༥༠ དེ་ཅིག་ བསྡུ་ལེན་འབད་མིའི་གྲས་ལས་ དཔེ་ཚད་༡༨ དེ་ཅིག་ ཨེན་ཊི་ཇཱན་དང་ ཨར་ཊི་-པི་སི་ཨར་༢ ཆ་རའི་ནང་ ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་བཞིན་དུ་ ལྷག་ལུས་དཔེ་ཚད་ཚུ་ ཨེན་ཊི་ཇཱན་བརྟག་དཔྱད་སྐབས་ ནད་རྟགས་མེདཔ་སྦེ་ ཐོན་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *