ལམ་སྲོལ་བཟོ་རིག་འགྲེམས་སྟོན་འབད་བའི་བསྒང་།

ཐིམ་ཕུག་ཁྲོམ་ སཱག་ལུང་ཕྱོགས་ཀྱི་ ལམ་སྲོལ་ཁྲོམ་སྡེ་ལྟེ་བ་༢ པ་སྦེ་ གསལ་བསྒྲགས་འབད་ཡོདཔ།

༉ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ལམ་སྲོལ་གྱི་གྲོས་གཞི་དང་འཁྲིལ་ སྤྱི་ལོ་༢༠༡༨ ཀྱི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ལམ་སྲོལ་ཁྲོམ་ལྟེ་བ་གཉིས་པ་དེ་ ཐིམ་ཕུག་ཨིནམ་སྦེ་ ཁ་ཙ་ ཆུ་ཚོད་འཁོར་ལོའི་ རྐ་ཆེན་གྱི་ས་ཁོངས་ནང་ གསལ་བསྒྲགས་འབད་ཡི།
དེ་ཡང་ ལོ་༡ གི་རིང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གིས་ ལམ་སྲོལ་དང་འབྲེལ་བའི་ ལས་རིམ་ཚུ་ཡོད་པ་ཅིན་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།
ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ལམ་རིམ་གྱི་ལྟེ་བ་དེ་ སང་ཕོད་སྤྱི་ཟླ་༥ པའི་ནང་ རྫོགས་ནི་ཨིནམ་བཞིན་དུ་ དེ་གི་ནང་འཁོད་ལུ་ སྤྱི་ཟླ་༧ པའི་ནང་ གློག་བརྙན་དུས་སྟོན་དང་ སྤྱི་ཟླ་༡༡ པའི་ནང་ བཞེས་སྒོ་དང་སྙན་ཆའི་ དུས་སྟོན་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ཨཱཕ་ག་ནིས་ཏཱན་གི་ བ་མི་ཡཱན་དེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ལམ་སྲོལ་གྱི་ཁྲོམ་འགོ་དང་པ་སྦེ་ སྤྱི་ལོ་༢༠༡༥ ལུ་ ངོས་འཛིན་འབད་ནུག།
ལམ་སྲོལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་འོད་ཟེར་གྱིས་ བཤད་མིའི་ནང་ ཐིམ་ཕུག་འདི་ ཁྲོམ་ལྟེ་བ་སྦེ་ ངོས་འཛིན་འབད་དགོ་མི་དེ་ཡང་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཕྱི་ཁའི་འཐུས་ཚབ་སྦེ་ སྡོད་ས་སྟབས་བདེ་ཏོག་ཏོ་ ཡོད་ནི་དེ་གིས་ཨིནམ་སྦེ་བཤད་ཅི།
དེ་མ་ཚད་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ མི་རློབས་ལས་བཅད་རུང་ རྫོང་ཁག་༢༠ ནང་གི་ མི་སེར་ག་ར་ ཐིམ་ཕུག་ལུ་ ཡོད་ནི་དེ་གིས་ སྟབས་བདེ་ཏོག་ཏོ་འོང་ནི་མས་ཟེར་ཨིན་པས།
ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཨམ་ཇཱཊ་ ཧུ་སེན་བི་ ས་ཡེལ་གྱིས་འབད་བ་ཅིན་ ཐིམ་ཕུག་ཁྲོམ་འདི་ སཱག་གི་ ལམ་སྲོལ་གྱི་ཁྲོམ་ལྟེ་བ་སྦེ་ གསལ་བསྒྲགས་འབད་མི་དེ་ཡང་ དམིགས་བསལ་གྱི་ མཛེས་ཆ་དང་ལྡན་པའི་ཁར་ གཞུང་དང་མི་སེར་ཚུ་གིས་ རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་དེ་ འབྲུག་རྒྱལ་ཁབ་ནང་ བཙོག་རླུང་མེད་པའི་རྒྱལ་ཁབ་ཨིན་ཟེར་བའི་ ངོས་འཛིན་ལུ་ ཨིནམ་སྦེ་བཤད་ཅི།
ལམ་སྲོལ་དེ་གིས་ རྒྱལ་ཁབ་ཀྱི་མི་སེར་གཅིག་ཁར་ འབག་འོང་དོ་ཡོདཔ་མ་ཚད་ ལམ་སྲོལ་དེ་ རྒྱལ་ཁབ་ཀྱི་ ངོ་རྟགས་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ ཐིམ་ཕུག་ཁྲོམ་དེ་ སྤྱི་ལོ་༡༩༦༡ ལུ་ རྒྱལ་ཁབ་ཀྱི་ རྒྱལ་ས་ལྟེ་བ་སྦེ་ ངོས་འཛིན་འབད་བའི་ཤུལ་ལུ་ ད་ལྟོ་རྒྱལ་ཁབ་ཀྱི་ལམ་སྲོལ་ གསལ་སྟོན་འབད་མི་ ཁྲོམ་ཅིག་སྦེ་ ངོས་འཛིན་འབད་ནུག།
ཉིན་གྲངས་༢ འབད་མི་ བཟོ་རིག་བཅུ་གསུམ་གྱི་ ལག་བཟོ་འགྲེམ་སྟོན་ནང་ བང་ལ་དེཤ་དང་ འབྲུག་ རྒྱ་གར་ ནེ་པཱལ་ དེ་ལས་ ཤྲི་ལངྐ་གི་ རིག་རྩལ་མཁནམ་ཚུ་གིས་ བཅའ་མར་གཏོགས་དོ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *