ཐིམ་ཁྲོམ་གྱི་ ཁྲོམ་དཔོན་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་༣ ཡོདཔ།

༉ བདུན་ཕྲག་༤ གི་རྒྱབ་ལས་ ཐིམ་ཕུག་ཁྲོམ་སྡེའི་དོན་ལུ་ ཁྲོམ་དཔོན་གསརཔ་ཅིག་འོང་ནི་ཨིནམ་ད་ ཁྲོམ་དཔོན་གྱི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་༣ ཡོདཔ་ཨིན་པས།

ཐིམ་ཕུག་གི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁྲོམ་དཔོན་བགྲེསཔ་དང་ ཁྲོམ་སྡེའི་འཆར་གཞི་འགོ་དཔོན་ དེ་ལས་ སྒེར་སྡེ་ནང་ ལཱ་འབད་མི་འདེམས་ངོ་༣ གྱི་གྲས་ལས་ དྲག་ཤོས་ཅིག་ གདམ་ཁ་རྐྱབ་དགོ་ནི་ཨིན་པས།

ཚོགས་རྒྱན་བཙུགས་མི་ཚུ་གིས་ བསམ་ཞིབ་འབད་ཞིནམ་ལས་ བསམ་སྤྱོད་ལེགས་ཤོམ་ཡོད་མི་ ཁྲོམ་དཔོན་གདམ་འཐུ་འབད་དགོ་མི་དེ་ཡང་ ཁྲོམ་སྡེ་ལུ་ འཕྲལ་མཁོ་ཅན་སྦེ་ དགོཔ་ག་ཅི་ཡོད་ག་དང་ འདེམས་ངོ་དེ་གིས་ ཁྲོམ་སྡེའི་མཁོ་འདོད་ཚུ་ བསྒྲུབ་ཚུགས་མ་ཚུགས་ དེ་ལས་ ཁྲོམ་སྡེའི་སྐྱིད་སྡུག་བལྟ་མི་ཅིག་ལུ་ ཚོགས་རྒྱན་བཙུགས་དགོཔ་ཨིན་པས།

བྱང་ཐིམ་ཕུག་ལུ་ འདེམས་ངོ་༢ དང་ ལྷོ་ཐིམ་ཕུག་ལུ་ འདེམས་ངོ་༡ ཡོདཔ་ཨིན་པས།

བྱང་ཐིམ་ཕུག་ལས་ མི་སེར་ཚུ་གིས་ སླབ་མིའི་ནང་ མདུན་སྐྱོད་འགྱུར་བ་འབག་མི་ འདེམས་ངོ་ཅིག་བལྟ་དོ་ཟེར་ཨིནམ་ད་ གལ་སྲིད་ མི་ཚུ་གིས་ མནོ་བསམ་བཏང་དོ་བཟུམ་སྦེ་ འབྱུང་བཞི་ནང་-ཀ་ཝང་གྱང་ས་འདེམས་ཁོངས་ལས་ བསོད་ནམས་རྡོ་རྗེ་དང་ བདེ་ཆེན་ཆོས་གླིང་-རྟ་བབ་འདེམས་ཁོངས་ལས་ ཨྱོན་རྡོ་རྗེ་༢ ལས་ གཅིག་གདམ་ཁ་རྐྱབ་པ་ཅིན་ གྲུབ་འབྲས་ལེགས་འཐོན་འབད་ཚུགས་ནི་མས་ཟེར་ཨིན་པས།

བྱང་ཐིམ་ཕུག་གི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ མནོ་ལུགས་བགོ་བཤའ་རྐྱབ་ཡོདཔ་ཨིན་རུང་ འདེམས་ངོ་མེད་པའི་ འདེམས་ཁོངས་ཚུ་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ མངམ་འཐོན་བཅུག་ནིའི་གོ་སྐབས་ཡོདཔ་ད་ ལྷོ་ཁ་ཐུག་ལས་ འདེམས་ངོ་༡ ཡང་ཅིན་ བྱང་ཁ་ཐུག་ལས་ འདེམས་ངོ་༡ འཐོབ་ནི་ལུ་ རེ་བ་བསྐྱེད་དོ་ཡོདཔ་བཞིན་དུ་ གལ་སྲིད་ བྱང་ཁ་ཐུག་ལས་ གདམ་འཐུ་འབད་བ་ཅིན་ ལོ་ངོ་བཅུ་ཕྲག་༢ ཀྱི་ཤུལ་ལས་ གོ་གནས་འཆང་ནི་མས་ཟེར་ཨིན་པས།

མུ་ཏིག་ཐང་དང་ ནོར་འཛིན་འདེམས་ཁོངས་ལས་ གདེམས་ངོ་མེད་དོ་བཟུམ་སྦེ་ ལྕང་བང་གྲུ་-ཨོ་ལ་ཁ་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་༢,༡༠༤ ཡོད་མི་དེ་ མཐོ་ཤོས་ཅིག་ཡོད་རུང་ འདེམས་ངོ་མེདཔ་ལས་ ལྷོ་ཐིམ་ཕུག་གི་ འདེམས་ངོ་ཀུན་ལེགས་རྡོ་རྗེ་ལུ་ གོ་སྐབས་ཡོདཔ་ཨིན་པས།

མི་རློབས་༡༡༤,༥༥༡ ཡོད་མི་ ཐིམ་ཕུག་ཁྲོམ་སྡེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་༨,༠༠༧ གིས་ ཁྲོམ་དཔོན་བཙག་འཐུ་འབད་ནི་ཨིན་པས།

ཕྱགས་རྙིགས་འཛིན་སྐྱོང་སྐྱོ་དྲགས་དང་ གཞི་རྟེན་མཐུན་རྐྱེན་ རྒྱུན་འགྲུལ་ ཉེན་སྲུང་ལྡན་པའི་འཐུང་ཆུ་དང་ འཐུང་ཆུའི་དཀའ་ངལ་ སྤྱང་ཁྱིའི་གྱངས་ཁ་ དེ་ལས་ གནད་དོན་གཞན་ལེ་ཤ་ཅིག་ལུ་ ཚ་གྱང་ཡར་སེང་སོང་ཡོདཔ་ཨིན་པས།

ཁྲོམ་སྡེ་ནང་ ལམ་འགྲུལ་འབད་ནི་དང་ རྐང་འཁོར་ལམ་ སྐྱེད་ཚལ་ གླིང་ག་ ཤིང་འཛུགས་སྐྱོང་འབད་ནི་ཚུ་ལུ་ མི་སེར་གྱིས་ མཁོ་འདོད་བསྐྱེད་དོ་ཡོདཔ་ཨིན་པས།

ཐིམ་ཕུག་བཟོ་བཀོད་འཆར་གཞི་དང་ འཆར་གཞི་ཨམ་དང་འཁྲིལ་ ཁྲོམ་སྡེ་གོང་འཕེལ་གཏང་ནི་ཚུ་ ད་ལྟོ་ཚུན་ འབད་མ་ཚུགས་པར་ ལུས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *