གྲ་སྒྲིག་འབད་དེ་ཡོད་མི་ ཚོགས་རྒྱན་ས་ཁོངས།

ཐད་ཀར་འགྲེམ་ཐོག་ཚོགས་རྒྱན་༦,༦༡༡ ཐོབ་ཡོདཔ།

༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༨ ཚུན་ མོང་སྒར་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ ཐད་ཀར་འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ཚོགས་རྒྱན་༦,༦༡༡ ལྷོད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༤ ལས་༡༦ ཚུན་ ལྷན་ཐབས་ཚོགས་རྒྱན་༤,༡༢༣ ཐོབ་ཡོདཔ་ད་ ཐད་ཀར་འགྲེམ་ཐོག་ཚོགས་རྒྱན་༢,༤༨༨ རྫོང་ཁག་གཞན་ཚུ་ལས་ བཏང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མོང་སྒར་རྫོང་ཁག་གི་ ཚོགས་རྒྱན་ལྷན་ཐབས་ས་ཁོངས་༣ ནང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༢,༥༡༤ ལས་༡,༨༧༥ གིས་ ལག་ལེན་འཐབ་ཡོདཔ་ཨིན་པས།

ངོས་ལེན་འགོ་དཔོན་ བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ ད་རིས་ བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ཨིནམ་ད་ ད་ལྟོ་ཚུན་ ཐད་ཀར་འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་དང་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་ཚུ་ནང་བཙུགས་མི་ ཚོགས་རྒྱན་ཚུ་ཡང་ ཐོབ་ཡོདཔ་ལས་ ད་རིས་ གདམ་ངོ་ཚུ་གི་གདོང་ཁར་ ཁ་ཕྱེ་ཞིནམ་ལས་ ཚོགས་རྒྱན་ཚུ་ རྩིས་རྐྱབ་ཆོག་ཆོ་ཡོད་ཟེར་ཨིན་པས།

ལྷག་པར་དུ་ རྫོང་ཁག་༢༠ གི་གྲས་ལས་ རྒེད་འོག་མཐོ་ཤོས་དང་ ཚོགས་རྒྱན་ས་ཁོངས་ཡང་༧༧ ཡོདཔ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་དང་ ཉེན་སྲུང་ལྟ་རྟོག་པ་བཅས་ བསྡོམས་མི་གྲངས་༦༡༦ བཏང་ཡི་ཟེར་ཨིན་པས།

ཚོགས་རྒྱན་གྱི་ཉིནམ་ལུ་ དཀའ་ངལ་ག་ནི་ཡང་མེདཔ་སྦེ་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ཚོགས་རྒྱན་འཕྲུལ་ཆས་༢ རེ་ བགོ་བཀྲམ་འབད་མི་ལུ་བརྟེན་ ཚོགས་རྒྱན་འཕྲུལ་ཆས་༡༥༤ བཏང་ཡོདཔ་ཨིན་པས།

ཨིན་རུང་ ས་ཁོངས་ལ་ལོ་ཅིག་ ཡོངས་འབྲེལ་བདའ་མ་ཟུན་པའི་ ས་ཁོངས་ནང་ཡོད་རུང་ དུས་ཡུན་ཐུང་ཀུ་ཅིག་ནང་ ཚོགས་རྒྱན་གྱི་གྲུབ་འབྲས་ཚུ་ གཏང་ཚུགས་ནི་ཨིནམ་ལས་ ད་ལྟོ་ཚུན་ དཀའ་ངལ་ག་ནི་ཡང་མ་བྱུང་ཟེར་ ངོས་ལེན་འགོ་དཔོན་གྱིས་ སླབ་ཨིན་པས།

མོང་སྒར་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༣༤,༠༨༢ ཡོད་མི་ལས་ ཕོ་སྐྱེས་༡༦,༣༧༣ དང་ ཨམ་སྲུ་༡༧,༧༠༩ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *