ཁྱིམ་གྱི་ འཚིགས་ཤུལ།

ཐང་རོང་རྒཔོ་གི་ཁྱིམ་ མེ་རྐྱེན་གྱིས་ ཐལ་བར་བརླགས་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢༣ གྱི་ ཉིན་མའི་ཆུ་ཚོད་ཕྱེད་དང་གཉིས་ལུ་ ཐང་རོང་རྒཔོ་གི་ ཐོག་ཚད་གཅིག་འབད་མི་ རང་ལུགས་ཀྱི་ཁྱིམ་དང་ ཚོང་ཆས་ཚུ་ཡོད་པའི་ སྦ་སྒོར་ཚུ་ མེ་རྐྱེན་གྱིས་ ཐལ་བར་བརླགས་ཡོདཔ་ཨིན་པས།
ཉམས་རྒུདཔ་བཟའ་ཚང་ཚུ་ལུ་ མོང་སྒར་རྫོང་བདག་དང་ སྐྱིད་སྡུག་འགོ་དཔོན་གྱིས་ སེམས་གསོ་གསོལ་རས་ དངུལ་ཀྲམ་༡༠,༠༠༠ དང་ བཀབ་གོ་ལ་ཚུ་ བྱིན་ཡོདཔ་མ་ཚད་ མི་དབང་རྒྱལ་ཚབ་མཆོག་གི་ ཡིག་ཚང་ལས་ སེམས་གསོ་དངུལ་ཀྲམ་༣༠,༠༠༠ གནང་ནུག།
ཉམས་རྒུདཔ་ ཐང་རོང་རྒཔོ་ བཅོ་ལྔ་གིས་ སླབ་མིའི་ནང་ མེ་རྐྱེན་བྱུང་བའི་སྐབས་ ཁོ་ར་ ཡིག་ཚང་ནང་ རྒེད་འོག་ཚོགས་སྡེའི་ ཞལ་འཛོམས་འཚོགས་ནིའི་དོན་ལུ་ གྲོས་འཆར་བསྡུ་ལེན་འབད་མི་ཚུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་མ་ཚད་ དམངས་ཀྱི་རིམ་གྲོའི་དོན་ལུ་ ལས་རིམ་ཚུ་བཟོ་སྟེ་ སྡོད་ཅི་ཟེར་ཨིན་པས།
ཁོ་རའི་གནས་ཚང་དེ་ཡང་ མེ་རྐྱེན་བྱུང་བའི་སྐབས་ ལྡུམ་ར་ནང་ ཨེ་མ་བཏོགས་ཏེ་ སྡོད་ཡོདཔ་ཨིན་རུང་ ཁྱིམ་ནང་ ཨ་ལོ་༢ རྒྱང་མཐོང་ཊི་བི་ལྟ་སྟེ་ སྡོད་ཡོདཔ་ཨིན་པས།
རྒཔོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མིའི་ཚེ་སྲོག་ལུ་ རྐྱེན་ངན་ཚུ་ ག་ནི་ཡང་ མ་འབྱུང་ནི་དེ་གིས་ ཁ་རྗེ་བཟངམ་མ་ཚད་ ཚ་གྱང་སྦོམ་ཅིག་ ག་ནི་ཡང་ མ་ལང་ཟེར་ཨིན་པས།
རྒཔོ་བཅོ་ལྔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ ཁོ་ལུ་ ངལ་མ་རངས་མི་ ག་ཡང་མེད་པའི་ཁར་ དོགས་པ་ཡང་ ག་ལུ་ཡང་ ཟ་དགོཔ་མེད་ཟེར་ཨིན་པས།
གཞན་དལ་གཞི་ ཁ་ཙ་ རྒེད་འོག་ཚོགས་སྡེ་ འཚོགས་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ཨིན་རུང་ རྐྱེན་ངན་བྱུང་མི་ལུ་བརྟེན་ ཕར་འཕུད་རྐྱབ་དགོཔ་བྱུང་ཡི་ཟེར་ རྒཔོ་བཅོ་ལྔ་གིས་ སླབ་ཨིན་པས།
འདག་སྦྱར་གྱིས་བཟོ་མི་ སྦ་སྒོར་དེ་ནང་ དངུལ་ཀྲམ་༨༠,༠༠༠ དེ་ཅིག་གནས་པའི་ ཚོང་ཆས་དང་ དངུལ་རྐྱང་༢༠,༠༠༠ དེ་ཅིག་ཡོད་མི་དེ་ མེ་གིས་ འཚིགས་སོ་ནུག་ཟེར་ཨིན་པས།
རྐྱེན་ངན་བྱུང་སའི་ ས་ཁོངས་དེ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡ ལྷགཔ་ཅིག་ལུ་ ཡོདཔ་ཨིན་པས།
རྒཔོ་བཅོ་ལྔ་ལུ་ ཨ་ལོ་༤ ཡོདཔ་ད་ ད་ལྟོ་ གནས་སྐབས་ཅིག་གི་དོན་ལུ་ ཁོ་རའི་ སྤུན་ཆ་གི་ཁྱིམ་ནང་ སྡོད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *