སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ སོ་ནམ་ཐོན་སྐྱེད་འགོ་འབྱེད་འབད་བའི་བསྒང་།

ཏིལ་དཀར་མར་དང་ སོ་ནམ་ཐོན་སྐྱེད་མ་འདྲཝ་ཚུ་ གསར་བཏོན་འབད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ ཐིམ་ཕུག་ལུ་སྦེ་ སྤ་རོ་སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ སི་སེམ་ཟེར་མི་ ཏིལ་དཀར་མར་དང་ རྒྱལ་ཁབ་ནང་འཁོད་ལས་ སོ་ནམ་ཐོན་སྐྱེད་ མ་འདྲཝ་ཚུ་ འགོ་འབྱེད་འབད་ཡི།
སོ་ནམ་ཐོན་སྐྱེད་ཚུ་ཡང་ སྤྱི་ལོ་༢༠༡༦ ལུ་ ལས་འཛིན་དེ་ གཞི་བཙུགས་འབད་བའི་ཤུལ་ལས་ འགོ་དང་པ་ཨིནམ་ད་ ལས་འཛིན་གྱིས་ ན་ཧིང་ གནམ་སེར་ཁའི་ ཆུམ་དེ་ཡང་ ཐོན་སྐྱེདའབད་ཡོདཔ་ཨིན་པས།
སོ་ནམ་གྱི་ཐོན་སྐྱེད་ཚུ་ཡང་ བསམ་གྲུབ་ལྗོངས་མཁར་ཕུན་ཚོགས་ཐང་ ཚོང་འབྲེལ་ས་ཞིང་ལས་ ཁམས་སྟོད་ཆུམ་དང་ སྤུ་ན་ཁ་ལས་ བརྟན་ཚེ་རིང་ སྤ་རོ་རམ་ཐང་གི་ ཆུམ་དམརཔོ་ དེ་ལས་ དགེ་ལེགས་ཕུག་གི་ གནམ་སེར་ཁའི་ཆུམ་ ཇི་བི་ཝཱན་ དེ་ལས་ དར་དཀར་ནང་ནི་ཅུ་ལ་ལས་ སི་སེམ་མར་ཁུ་ཚུ་ཨིན་པས།
ཆུམ་ཁམས་སྟོད་དང་ བརྟན་ཚེ་རིང་ཆུམ་ཚུ་ ཁྲོམ་ཁར་ཀེ་ཇི་རེ་ལུ་ དངུལ་ཀྲམ་༩༥ སྦེ་ བཙོང་དོ་ཡོད་རུང་ ད་རེས་ ལས་འཛིན་གྱིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༩ སྦེ་ བཙོང་ཡོདཔ་བཞིན་དུ་ ལས་འཛིན་གྱི་ ཁ་འབགཔ་སོ་ནམ་ཚོང་འབྲེལ་གོངམ་ རྗེ་བཙུན་དབང་ཕྱུག་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ སི་སེམ་འདི་ དེ་སྦེ་ར་ འཛུགས་སྐྱོང་འབད་ཡོདཔ་ལས་ གླངམོ་ཆེ་གིས་ཡང་ གནོད་སྐྱོན་མ་རྐྱབ་པར་ ཐོན་སྐྱེད་འབད་ཚུགས་ཅི་ཟེར་ཨིན་པས།
རྗེ་བཙུན་དབང་ཕྱུག་གིས་འབད་བ་ཅིན་ ད་རེས་ ཆུམ་ཐོན་སྐྱེད་འབད་མི་དེ་ སོ་ནམ་པ་ཚུ་དང་ དོ་འགྲན་འབད་ནི་མེན་པར་ ཆུམ་རང་ལྡང་བཟོ་ནི་གི་ དམིགས་ཡུལ་འགྲུབ་འཐབ་ལུ་ཨིན་ཟེར་ཨིན་པས།
ལས་འཛིན་གྱིས་ སི་སེམ་མར་ཁུ་ ལི་ཊར་རེ་ལུ་ དངུལ་ཀྲམ་༡༥༠ སྦེ་ ལི་ཊར་༡༥༠ དེ་ཅིག་ བཙོང་ཡོདཔ་ད་  ཆུམ་དེ་ལུ་ གཙོ་བོ་བཏོན་མི་དེ་ཡང་ ད་རེས་ རྒྱལ་ཁབ་ནང་ བརྒྱ་ཆ་༤༧ ལས་བརྒལ་མེདཔ་ལས་ བརྒྱ་ཆ་༥༣ དེ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབདཝ་ཨིན་མས་ཟེར་ རྗེ་བཙུན་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ བཟའ་སྤྱོད་རང་ལྡང་ བརྒྱ་ཆ་༡༠ ལས་བརྒལ་མེད་ཟེར་ཨིན་པས།
ལས་འཛིན་གྱིས་ རྒྱལ་ཁབ་ནང་འཁོད་ལུ་ འབྱ་ཞིང་ཨེ་ཀར་༢,༦༠༠ ལྕང་ལཱ་ཚུ་ རྐྱབ་པའི་བསྒང་ཡོདཔ་བཞིན་དུ་ ན་གཞོན་༤༦༠ དེ་ཅིག་ བགོ་བཀྲམ་འབད་དེ་ཡོདཔ་ད་ རྗེ་བཙུན་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ ལས་འཛིན་གྱིས་ ཆུམ་གྱི་ཚོང་འབྲེལ་འཐབ་མི་ཚུ་ འཚོལ་བའི་བསྒང་ཡོད་ཟེར་ཨིནམ་ད་ ཐོན་སྐྱེད་ཚུ་ཡང་ ལུང་ཕྱོགས་ཡིག་ཚང་ལྟེ་བ་དང་ ཞབས་ཏོག་ལྟེ་བ་ཚུ་ལས་ འཕྲལ་མགྱོགས་ར་ འཐོབ་ཚུགས་ཟེར་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཅི་ལས་ གནམ་སེར་ཁའི་ འབྱ་འཛུགས་སྐྱོང་གི་ལཱ་དེ་ ཨེ་ཀར་༥༠༠ ལས་༢༥༠ ལུ་ མར་ཕབ་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *