ཏི་རུ་འབག་མི་ སྣུམ་འཁོར་རྦོལ་རིལ་བའི་རྐྱེན་ནང་ མི་༤ ལུ་ཤི་རྐྱེན།

༉ ཁ་ཙ་ སྒེར་གྱི་དངུལ་ཁང་ཅིག་གི་ དངུལ་རྐྱང་ས་ཡ་༢༠ ལྷགཔ་ཅིག་འབག་མི་ སྣུམ་འཁོར་བེན་ཅིག་ ལམ་འོག་ལས་མར་ མི་ཊར་༣༠༠ ལྷགཔ་ཅིག་གི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ སྣུམ་འཁོར་ནང་ཡོད་མི་ མི་༤ པོ་ཆ་ར་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།

དེ་ཡང་ དེད་གཡོགཔ་དང་ དངུལ་རྐྱང་སྲུང་སྐྱོབ་འབད་དེ་འགྱོ་མི་ ཁྲིམས་སྲུང་འགག་པ་༢ དེ་ལས་ དངུལ་གཉེར་༡ ཡོད་མི་ སྣུམ་འཁོར་དེ་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་འོངམ་ད་ འདམ་ཆུ་ལུ་ མ་ལྷོད་པའི་ཧེ་མར་ ཉིན་མའི་ཆུ་ཚོད་༡.༣༠ དེ་ཅིག་ཁར་ རྦོབ་རིལ་ཡར་སོ་ནུག་ཟེར་ཨིན་པས།

གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ རྐྱེན་ངན་བྱུང་པའི་ སྙན་ཞུ་ལྷོདཔ་ཅིག་ རྩི་མ་གཤམ་ཁྲིམས་སྲུང་འགག་པ་ཚུ་ ས་ཁོངས་ནང་སོང་པའི་ཤུལ་ལམ་ ས་ཁོངས་མཐའ་བསྐོར་ཏེ་ བསྒོར་སྲུང་འབད་མི་དེ་ཡང་ སྣུམ་འཁོར་རྦོབ་རིལ་བའི་སྐབས་ དངུལ་རྐྱང་ཚུ་ གཏོར་ཡར་སོང་ནི་དེ་གིས་ཨིན་པས།

སྣུམ་འཁོར་གྱི་ རྐྱེན་ངན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *