ཕུན་ཚོགས་གླིང་སྨན་ཁང་ནང་ མི་ཚུ་ཁྲག་བརྟག་དཔྱད་ཀྱི་ སྙན་ཞུ་ལུ་བསྒུགས་སྡོད་པའི་བསྒང་།

ཌེང་གི་གིས་ མི་གཉིས་ ལུ་ཤི་རྐྱེན།

༉ འཕྲལ་ཁམས་ཅིག་ཁར་ ཚད་ནད་ཌེང་གི་དར་ཁྱབ་སོང་མི་ལུ་བརྟེན་ མི་༢ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ནད་ཐོབ་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
ཁ་ཙ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་ཅིག་ ཌེང་གི་ཐོབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ ཚེ་འདས་དེ་ ཕུན་ཚོགས་གླིང་ལུ་ སྡོད་མི་ཨིནམ་ད་ དེ་གི་ཧེ་མར་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ བསམ་རྩེ་རྟ་སྡིངས་ལས་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ཅིག་ ཤི་རྐྱེན་བྱུང་ནུག།
ཕུན་ཚོགས་གླིང་སྨན་ཁང་ནང་ སྤྱི་ཟླ་༨ པའི་ཚེས་༢༠ ཚུན་ ཌེང་གི་ནད་གཞི་ཐོབ་མི་༡,༢༣༩ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *