བཱསི་ཀེཌ་བཱོལ་ ལིག་རྩེད་འགྲན་འབད་བའི་བསྒང་།

ཌི་ལིང་ཀུནསི་གིས་ སྦྱེལཝ་སྦྱེལ་སར་ སྐོར་ཐེངས་༤ རྒྱལ་ཁ་ཐོབ་ཡོདཔ།

༉ ཐིམ་ཕུག་ཆུ་རྩལ་ཁང་གི་ བཱསི་ཀེཌ་བཱོལ་རྩེད་ཁང་ནང་སྦེ་ འགོ་འདྲེན་འཐབ་མི་ བཱསི་ཀེཌ་བཱོལ་ལིག་རྩེད་འགྲན་ནང་ ཌི་ལིང་ཀུནསི་སྡེ་ཚན་གྱིས་ སྦྱེལཝ་སྦྱེལ་སར་སྡེ་ཚན་༤ ལས་ རྒྱལ་ཁ་ཐོབ་ནི་དེ་གིས་ ཨང་དང་པའི་ནང་ ལྷོད་དེ་འདུག།

སྤྱི་ཟླ་༦ པའི་ཚེས་༡༢ ལུ་ ཌི་ལིང་ཀུནསི་གིས་ བྱ་ཁྱུང་སྡེ་ཚན་ལས་ སྐུགས་༢༧ གྱིས་ མང་སུ་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ བྱ་ཁྱུང་གིས་ སྐུགས་༨༤ ཐོབ་སྟེ་ དུས་ཚོད་རྫོགསཔ་ད་ ཌི་ལིང་ཀུནསི་གིས་ སྐུགས་༡༠༡ ཐོབ་ཡོདཔ་ཨིན་པས།

གལ་སྲིད་ སྡེ་ཚན་༢ ཀྱི་བར་ན་ རྒྱལ་ཕམ་ཕྱེ་མ་ཚུགས་པ་ཅིན་ སྡེ་ཚན་༢ ཀྱིས་ སྐུགས་འགྲན་འདྲ་འཐོབ་ནི་ཨིན་རུང་ ད་རེས་ ཕམ་ཡོདཔ་ལས་ བྱ་ཁྱུང་གིས་ ཨང་༣ པའི་ནང་ལྷོད་ནུག།

དེ་བཟུམ་སྦེ་ བསྟན་སྲུང་གིས་ ཨསི་ཊི་རོའེ་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཌའེ་གཱོན་གྱིས་ ཊ་ཀུན་ཕམ་ཡོདཔ་བཞིན་དུ་ མེ་ཇིགསི་སྡེ་ཚན་དེ་ དཔའ་ཟབ་ཀྱིས་ ཕམ་བཏང་ནུག།

དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ དཔའ་ཟབ་སྡེ་ཚན་གྱིས་ ཝི་ཟཱཌ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་རུང་ བཱོལ་བཙུགས་ནི་ལུ་ ཁྱད་པར་སྦོམ་ཅིག་ བཟོ་མ་ཚུགས་པས།

དེ་ཡང་ ཐིམ་ཕུག་ཆུ་རྩལ་ཁང་གི་ བཱསི་ཀེཌ་བཱོལ་རྩེད་ཐང་ནང་སྦེ་ ཀོ་ཊར་ཐེངས་༡ པ་ལས་༤ པ་ཚུན་ རྩེད་འགྲན་འབད་དགོ་མི་ལས་ དཔའ་ཟབ་ཀྱིས་ སྐུགས་༧༧ ཐོབ་པའི་སྐབས་ ཝི་ཟཱཌ་སྡེ་ཚན་༢ ཀྱིས་ སྐུགས་༧༢ ཐོབ་ཡོདཔ་ཨིན་པས།

ཀོ་ཊར་༡ པ་མཇུག་བསྡུཝ་ད་ དཔའ་ཟབ་ཀྱིས་ སྐུགས་༣༠ ཐོབ་ད་ ཝི་ཟཱཌ་ཀྱིས་ སྐུགས་༢༥ དང་ ཀོ་ཊར་སྐོར་ཐེངས་༢ པའི་ནང་ ཝི་ཟཱཌ་ཀྱིས་ སྐུགས་༢༦ ལས་བརྒལ་ ཐོབ་མ་ཚུགས་པའི་སྐབས་ དཔའ་ཟབ་ཀྱིས་ སྐུགས་༣༥ ཐོབ་སྟེ་ ཁྱད་པར་སྦོམ་བཟོ་ཡི།

ཨིན་རུང་ ཀོ་ཊར་སྐོར་ཐེངས་༣ པའི་ནང་ སྐུགས་༤༦ དེ་ དཔའ་ཟབ་དང་ སྐུགས་༣༧ དེ་ ཝི་ཟཱཌ་དང་ ཀོ་ཊར་སྐོར་ཐེངས་༤ པའི་མཇུག་བསྡུཝ་ད་ སྐུགས་༧༧ དེ་ དཔའ་ཟབ་དང་ སྐུགས་༧༢ ཝི་ཟཱཌ་ཀྱིས་ ཐོབ་ཅི།

དེ་བཟུམ་སྦེ་ ཌི་ལིང་ཀུནསི་གིས་ སྐུགས་༦༧ ཐོབ་སྟེ་ རྒྱལ་ཁ་ཐོབ་ད་ ཌའེ་གཱོན་གྱིས་ སྐུགས་༥༡ ལས་བརྒལ་ཐོབ་མ་ཚུགས་པས།

བི་ཨོ་བི་ ཨེ་ལིག་ བཱསི་ཀེཌ་འགྲན་བསྡུར་དེ་ སྤྱི་ཟླ་༦ པའི་ཚེས་༦ ལུ་ འབྲུག་བཱསི་ཀེཌ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ ལོ་༣ གྱི་མ་དངུལ་རྒྱབ་སྐྱོར་དེ་ འབྲུག་གི་དངུལ་ཁང་གིས་ འབད་ནི་ཨིན་པས།

ད་རེས་ཀྱི་ རྩེད་འགྲན་ནང་ སྡེ་ཚན་༡༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ བསྟན་སྲུང་དང་ ཌའེ་གཱོན་ ཨསི་ཊི་རོའེ་ ཊོ་ཇཱནསི་ གཞོནམསི་ ཝི་ཟཱཌ་ ཕོ་རྒྱསུ་ ཐིམ་ཕུག་ ཊ་ཀིན་ དཔའ་ཟབ་ བྱ་ཁྱུང་ དེ་ལས་ ཌི་ལིང་ཀུནསི་ཚུ་ཨིན་པས།

རྩེད་འགྲན་དེ་ གནས་སྐབས་ཅིག་གི་དོན་ལུ་ མཚམས་འཇོག་བཞག་ཡོདཔ་ཨིན་རུང་ གཞུང་གི་ བཀོད་བྱ་དང་འཁྲིལ་ འཕྲོ་མཐུད་དེ་ འགོ་འདྲེན་འཐབ་ནི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *