ཊཱནསི་ཕོཊ་ཡུ་ནའེ་ཊེཊ་(ཁེན་འཇར་དམརཔོ)དང་ སྤ་རོ་ཨེཕ་སི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

ཊཱནསི་པོརཊི་ཡུ་ནའེ་ཊེཊ་གིས་ སྤ་རོ་ཨེཕ་སི་སྡེ་ཚན་ ཕམ་བཏང་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ ཕུཊ༌བཱོལ་རྩེད་འགྲན་འབད་བའི་སྐབས་ ཊཱནསི་པོརཊི་ཡུ་ནའེ་ཊེཊ་གིས་ སྤ་རོ་ཨེཕ་སི་ལུ་ གཱོལ་༣ བཙུགས་ཏེ་ ཕམ་བཏང་མི་དེ་ འབྲུག་དངུལ་ཁང་གི་ བྷུ་ཊཱན་པི་མི་ཡར་ལིག་རྩེད་འགྲན་ འགོ་བཙུགས་ཞིནམ་ལས་ འགོ་དང་པ་ཨིན་པས།

སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༡ ལུ་ ཊཱནསི་པོརཊི་ཡུ་ནའེ་ཊེཊ་ལས་ བཙན་གྲགས་རྡོ་རྗེ་གིས་ གཱོལ་བཙུགས་ཞིནམ་ལས་ཚུར་ དོ་འགྲན་འབད་རུང་ གཱོལ་འདྲན་འདྲ་ བཙུགས་མ་ཚུགས་པའི་ཁར་ ཐེབས་ཡང་ བཙུགས་མ་ཚུགསཔ་ཨིན་པས།

ཨིན་རུང་ བར་མཚམས་ངལ་གསོའི་ཤུལ་ལས་ སྤ་རོ་ཨེཕ་སི་སྡེ་ཚན་ལས་ སྟོབས་ལྡན་གྲགས་པ་གིས་ དུས་ཡུན་སྐར་མ་༥༣ དང་ ཕུརཔ་འཕྲིན་ལས་ཀྱིས་ སྐར་མ་༦༥ ལུ་ གཱོལ་རེ་རེ་ བཙུགས་ཡོདཔ་ལས་ ཊཱནསི་པོརཊི་ཡུ་ནའེ་ཊེཊ་གིས་ དོ་འགྲན་དམ་དམ་འབད་ཡི།

ཊཱནསི་པོརཊི་ཡུ་ནའེ་ཊེཊ་ལས་ དི་ལིཔ་མོང་སྒར་གྱིས་ སྐར་མ་༧༧ དང་ སེངྒེ་དབང་ཕྱུག་གིས་ སྐར་མ་༧༩ ལུ་ གཱོལ་རེ་རེ་བཙུགས་པའི་ཤུལ་ལས་ སྤ་རོ་ཨེཕ་སི་གིས་ དོ་འགྲན་འབད་བའི་བར་ན་ དུས་ཚོད་རྫོགས་སོ་ཡི།

གཞན་དལ་གཞི་འབད་བ་ཅིན་ སྤ་རོ་ཨེཕ་སི་གིས་ ཊཱངསི་ཕོཊ་སྡེ་ཚན་ལས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ སྐུགས་༤༤ འཐོབ་སྟེ་ ཨང་དང་པ་ འཐོན་ནི་ཨིན་རུང་ ཕམ་སོ་ནི་དེ་གིས་ ཨང་༢ པ་ལས་བརྒལ་ ཐོན་མ་ཚུགས་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *