ཊཱནསི་པོཊ་ ཡུ་ནའི་ཊེཊ་དང་ བེང་ག་ལ་རུ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

ཊཱནསི་པོཊ་ ཡུ་ནའི་ཊེཊ་དང་ བེང་ག་ལ་རུ་སྡེ་ཚན་༢ འདྲན་འདྲ་སྦེ་ ལུས་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ སྤྱི་ལོ་༢༠༡༨ ཀྱི་ ཨེ་ཨེཕ་སི་ཟེར་མི་ ཨེ་ཤི་ཡན་རྒྱལ་རྟགས་ཀྱི་ སྔོན་འགྲོའི་འགྲན་བསྡུར་དོན་ལུ་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ འབྲུག་ལས་ ཊཱནསི་པོཊ་ ཡུ་ནའི་ཊེཊ་དང་ རྒྱ་གར་ལས་ བེང་ག་ལ་རུ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགས།
རྩེད་འགྲན་དེ་ནང་ སྡེ་ཚན་༢ ཆ་ར་ འགོ་དང་པ་ཨིནམ་ལས་ སྐུགས་ཕུག་རྡོག་༡ ཡང་ མི་འཐོབ་ནི་ཨིན་པས།
མ་གཞི་ སྡེ་ཚན་༢ ཆ་ར་གིས་ དུས་ཡུན་སྐར་མ་༩༠ འི་རིང་ རྩ་འགེངས་ཏེ་ རྩེད་འགྲན་འབད་རུང་ གཱོལ་ཕུད་རྡོག་༡ ཡང་ བཙུགས་མ་ཚུགས།
འབྲུག་པའི་སྡེ་ཚན་གྱི་ སློབ་སྟོན་པ་གོངམ་ ངག་དབང་དོན་གྲུབ་ཀྱིས་ སླབ་མིའི་ནང་ བར་མཚམས་ཀྱི་ཧེ་མར་ ཁོ་གི་སྡེ་ཚན་གྱིས་ རྩེད་འགྲན་ལེགས་ཤོམ་འབད་རུང་ ཤུལ་ལས་ ལེགས་ཤོམ་ཅིག་སྦེ་ རྩེད་འགྲན་འབད་མ་ཚུགས་ཟེར་ཨིན་པས།
ཊཱནསི་པོཊ་ ཡུ་ནའི་ཊེཊ་དང་ རྒྱ་གར་ལས་ བེང་ག་ལ་རུ་སྡེ་ཚན་༢ ན་ཧིང་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་ནང་ རྒྱལ་ཁ་ཐོབ་མི་ སྡེ་ཚན་ཨིནམ་ད་ གལ་སྲིད་ རྩེད་འགྲན་དེ་ནང་ལས་ སྡེ་ཚན་ག་གིས་ རྒྱལ་ཁ་ཐོབ་རུང་ ཤུལ་མའི་ཟླཝ་ནང་ བང་ལ་དེཤ་གི་སྡེ་ཚན་དང་ ཡང་ཅིན་ མཱལ་དིབས་ཀྱི་ སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
ཊཱནསི་པོཊ་ ཡུ་ནའི་ཊེཊ་དང་ རྒྱ་གར་ལས་ བེང་ག་ལ་རུ་སྡེ་ཚན་༢ ཀྱི་བར་ན་ བེང་ག་ལ་རུ་ལུ་སྦེ་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *