ཉེན་བཅོལ་རྫུས་མ་ ཐོབ་བརྗོད་བཀོད་མི་འཛིན་བཟུང།

༉ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ གཞལམ་སྒང་ཁྲིམས་སྲུང་འགག་པ་གིས་ ཤིང་མཁར་རྒེད་འོག་དམངས་མི་གིས་ གསོན་པོ་སྦེ་ཡོད་མི་ ཨམ་སྲུ་ཅིག་གི་ མིང་ཐོ་ཁར་ ཚེ་སྲོག་ཉེན་བཅོལ་རྫུས་མ་ ཐོབ་བརྗོད་བཀོད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།

གནད་དོན་དེ་ རྫོང་ཁག་གི་ མི་རྩིས་དང་ ནང་སྐྱོད་ལས་ཁུངས་ཀྱིས་ རྫོང་ཁག་བདག་སྐྱོང་ལུ་ བྱ་ངན་དེ་ལུ་ ངོས་ལེན་འབད་བའི་ སྙན་ཞུ་འབད་དགོཔ་སྦེ་ སླབ་པའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ད་ བྱ་ངན་དེ་ཡང་ སྤྱི་ལོ་༢༠༢༠ ཟླ་༡༠ པའི་ནང་ བྱུང་ཡོདཔ་ཨིན་པས།

དམངས་མི་དེ་གིས་ ཐོབ་བརྗོད་བཀོད་ནིའི་དོན་ལུ་ ལག་རྟགས་རྫུས་མ་རྐྱབ་སྟེ་ གྲོང་གསེབ་ཐོབ་བརྗོད་བཀོད་ནུག་ཟེར་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

རྒེད་འོག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གྲོང་གསེབ་ཀྱི་ མི་རྩིས་ཐོ་བཀོད་དང་འབྲེལ་བའི་ལཱ་དང་མི་རྩིས་སྤོ་སོར་འབད་ནི་ དེ་ལས་ གྲོང་གསེབ་ཚེ་སྲོག་ཉོན་བཅོལ་བསྡུ་ནིའི་ ལཱ་ཚུ་ག་ར་ དམངས་མི་གིས་ འབད་དེ་ཡོད་ཟེར་ཨིན་པས།

གནས་ཚུལ་བྱུང་ཁུངས་དང་འཁྲིལ་བ་ཅིན་ ན་ཧིང་གི་ལོ་ནང་ རྒེད་འོག་ནང་ མི་༢ ཚེ་ལས་འདས་སོ་མིའི་ ཉེན་བཅོལ་ཐོབ་ལམ་ཚུ་ དུས་ཚོད་ཁར་ འཐོབ་མ་ཚུགསཔ་ལས་ དམངས་མི་ལུ་ དངུལ་ཀྲམ་༦༠,༠༠༠ རྒུད་ཕོག་ནུག་ཟེར་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཁོ་གིས་ རྒུད་ཕོག་མི་མ་དངུལ་དེ་ སོར་ཆུད་འབད་ནིའི་ ཐབས་ལམ་བཏོན་བཏོནམ་ འོང་ནི་མས་ཟེར་ཨིན་པས།

ཤིང་མཁར་རྒཔོ་ དངོས་གྲུབ་ཀྱིས་འབད་བ་ཅིན་ ས་གནས་མཐའ་ཟུར་ཚུ་ནང་ མི་མང་ཤོས་ར་ རྒེད་འོག་ལས་ ཐག་རིང་སར་ སྡོད་ནི་དེ་གིས་ ཚེ་སྲོག་གཉེན་བཅོལ་མ་དངུལ་ཚུ་ དུས་ཚོད་ཁར་ བསྡུ་ནི་དེ་ གདོང་ལེན་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

པདྨ་ཆོས་སྐྱིད།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *