ཐིམ་ཕུག་ལུ་ འཁྱམས་སྡོད་མི་ སྤྱང་ཁྱི་ཚུ།

ཉིན་བསྟར་བཞིན་དུ་ རོ་ཁྱི་གིས་ སོ་བཏབ་པའི་གནད་དོན་༡༢ དེ་ཅིག་ ལྷོད་དོ་ཡོདཔ།

༉ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཉིན་བསྟར་བཞིན་དུ་ རོ་ཁྱི་གིས་ སོ་བཏབ་མིའི་གནད་དོན་༡༢ དེ་རེ་ སྙན་ཞུ་ལྷོད་དོ་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༢ ཚུན་ གནད་དོན་༡,༨༩༤ སྙན་ཞུ་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༢ པ་རྐྱངམ་གཅིག་ནང་ར་ རོ་ཁྱི་གིས་ སོ་བཏབ་པའི་གནད་དོན་༥༠༠ དེ་ཅིག་ སྙན་ཞུ་འབད་ཡོདཔ་ཨིན་པས།
འདས་པའི་ལོ་ནང་ ཉིན་བསྟར་བཞིན་དུ་ རོ་ཁྱི་གིས་ སོ་བཏབ་མིའི་གནད་དོན་༨ དེ་ཅིག་ སྨན་ཁང་ནང་ སྙན་ཞུ་འབད་ཡོདཔ་ད་ སྤྱིར་སྙོམས་ལུ་འབད་བ་ཅིན་ སྤྱི་ལོ་༢༠༡༧ ལུ་ ཟླ་རིམ་བཞིན་དུ་ རོ་ཁྱི་གིས་ སོ་བཏབ་མིའི་གནད་དོན་༢༤༠ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།
རོ་ཁྱི་གིས་ སོ་བཏབ་སྟེ་ ཉམས་རྒུད་བྱུང་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིམ་ཕུག་ལུ་ རོ་ཁྱིའི་གྱངས་ཁ་ ལེ་ཤ་ཡོད་མི་དེ་ ཚ་གྱང་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
གསོ་བའི་ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ ཉིན་བསྟར་བཞིན་དུ་ སྨན་ཁང་ནང་ རོ་ཁྱི་གིས་ སོ་བཏབ་མིའི་ གནད་དོན་ལེ་ཤ་ལྷོདཔ་མ་ཚད་ ལྷ་བཤལཔ་ཚུ་ཡང་ འོང་ནི་ཡོད་ཟེར་ཨིན་པས།
སེམས་ཅན་འཕྲོད་བསྟེན་ལས་ཁུངས་ཀྱི་གཙོ་འཛིན་ ཌོག་ཊར་ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ རོ་ཁྱིའི་གྱངས་ཁ་ལུ་ འགྱུར་བ་མིན་འདུག་ཟེར་ཨིནམ་ད་ གྱངས་ཁ་ལུ་བལྟ་བ་ཅིན་ ཁྲོམ་རྒྱ་སྐྱེད་ལུ་ཡང་ བལྟ་དགོ་ཟེར་ཨིནམ་ད་ ཁྲོམ་རྒྱ་སྐྱེད་འབད་རུང་ རོ་ཁྱིའི་གྱངས་ཁ་དེ་ དེ་སྦེ་ར་ཡོདཔ་ལས་ ཁོང་གིས་ ཐབས་ལམ་མ་བཏོན་པ་ཅིན་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༩ པ་ཚུན་ ཐིམ་ཕུག་ཁྲོམ་སྡེ་གིས་ ཁྲོམ་ཁར་རོ་ཁྱིའི་གྱངས་ཁ་༤,༨༠༠ ཡོད་པའི་ ཚོད་རྩིས་བཏོན་ཡོད་རུང་ ཌོག་ཊར་ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ ད་རེས་ ཐིམ་ཕུག་ལུ་ སྤྱང་ཁྱི་༥,༠༠༠ དེ་ཅིག་ འདུག་ཟེར་ཨིནམ་ད་ སྤྱང་ཁྱིའི་གྲས་ཁར་ ལྟ་རྟོག་འབད་མི་ ཇོ་བདག་ཡོད་མི་དང་ བཞེས་སྒོ་དང་ ཁྱིམ་གྱི་དོན་ལུ་ མི་ཚུ་ལུ་ བརྟེན་སྡོད་མི་ རོ་ཁྱི་ཚུ་ ཡོདཔ་ཨིན་པས།
ཌོག་ཊར་ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ རོ་ཁྱི་གིས་ སོ་བཏབ་མིའི་ གནད་དོན་ཡར་སེང་སོང་མི་དེ་ ཐབས་ལམ་ཚུ་གིས་ གྲུབ་འབྲས་ལེགས་ཤོམ་མ་བཏོན་པའི་ བརྡ་མཚོན་འོང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ཧེ་མ་བཟུམ་སྦེ་མེན་པར་ ད་རེས་ནངས་པར་ མི་ཚུ་གིས་ རོ་ཁྱི་གིས་ སོ་བཏབ་པ་ཅིན་ དཀའ་ངལ་ཚུ་ ཧ་གོ་དོ་ཡོདཔ་ལས་ སེན་མོ་ཅིག་བཞར་རུང་ སྨན་བཅོས་ཀྱི་དོན་ལུ་ འོངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཤག་བཅོས་ཀྱི་ གྲུབ་འབྲས་མ་བཏོན་པའི་ གནད་དོན་གཅིགཔོ་དེ་ རོ་ཁྱིའི་གྱངས་ཁ་ བརྒྱ་ཆ་༧༠ དེ་ཅིག་ ཁྱབ་མ་ཚུགས་མི་ལུ་བརྟེན་ཨིན་རུང་ ད་རེས་ རོ་ཁྱིའི་གྱངས་ཁ་ བརྒྱ་ཆ་༧༠ དེ་ཅིག་ གཤག་བཅོས་ཀྱི་དོན་ལུ་ ཁྱབ་ཚུགས་ཏེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་མི་ཚུ་ རོ་ཁྱི་ཚུ་ལུ་ བཟོད་བསྲན་ཅན་འབདཝ་ལས་ བཞེས་སྒོ་དང་ཆུ་ཚུ་ བྱིན་དོ་ཡོདཔ་ད་ གནམ་དགུན་ལུ་ རོ་ཁྱིའི་གྱངས་ཁ་ ཉུང་སུ་འགྱོ་དོ་ཡོདཔ་ལས་ མི་ཚུ་གིས་ རོ་ཁྱིའི་ཕྱུ་གུ་ཚུ་ལུ་ བཞེས་སྒོ་བྱིན་པའི་ཁར་ སྡོད་གནས་ཚུ་ཡང་ བཟོ་བྱིན་དོ་ཡོད་རུང་ སྦོམ་འགྱོ་ཞིནམ་ལས་ བཀོག་བཞགཔ་མས་ཟེར་ཨིན་པས།
མི་ཚུ་གིས་ རོ་ཁྱི་ཚུ་ལུ་ བཞེས་སྒོ་དང་ཁྱིམ་ཚུ་ བཟོ་བྱིན་དོ་བཟུམ་སྦེ་ མི་སྡེ་ཚུ་གིས་ རོ་ཁྱི་ཚུ་ ན་བའི་སྐབས་ལུ་ཡང་ གཤག་བཅོས་དང་ སྨན་བཅོས་ཀྱི་དོན་ལུ་ འབག་འོང་པ་ཅིན་ རོ་ཁྱིའི་གྱངས་ཁ་ མར་ཕབ་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ ཌོག་ཊར་ཀརྨ་རིག་འཛིན་གྱིས་ བཤདཔ་ཨིན་པས།
ཌོག་ཊར་ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ གཤག་བཅོས་དེ་ གནད་དོན་དེ་ཚུ་ མར་ཕབ་འབད་ནིའི་ ཐབས་ལམ་ཅིག་ཨིནམ་ལས་ འཕྲོ་མཐུད་ཀྱི་ ལས་རིམ་ཅིག་ཨིནམ་ད་ ཞབས་ཏོག་དེ་ རིན་མེད་སྟོང་པར་ཨིནམ་ལས་ མི་ཚུ་གིས་ རོ་ཁྱི་ཚུ་ འབག་འོང་ནི་དང་ ཡང་ཅིན་ གཤག་བཅོས་འབད་བར་འོང་མི་ འགོ་དཔོན་ཚུ་ལུ་ རྒྱབ་སྐྱོར་འབད་དགོ་ཟེར་ཨིན་པས།
ད་རེས་ སེམས་ཅན་འཕྲོད་བསྟེན་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ རོ་ཁྱིའི་གྱངས་ཁ་ མར་ཕབ་འབད་ནི་དང་ འཛིན་སྐྱོང་འཐབ་ནིའི་ ཟིན་བྲིས་འཆར་གཞི་གུ་ ལཱ་འབད་དོ་ཡོདཔ་ད་ འཆར་གཞི་དེ་ནང་ མི་ཚུ་གི་བྱ་སྤྱོད་དང་ བསམ་སྤྱོད་བསྒྱུར་བཅོས་ སྲིད་བྱུས་དང་ ཁྲིམས་ལུགས་ཚུ་ ལོག་ལག་ལེན་འཐབ་ནི་ དེ་ལས་ སེམས་ཅན་སྐྱེ་ཚད་དང་ འཁྱམས་ས་བཀག་འཛིན་འབད་ནི་ཚུ་ ཚུད་དེ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *