རོལ་ནང་གཡུས་ཚན་ནང་ མི་མང་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ བརྟག་དཔྱད་ཐེངས་༢ པ་འབད་བའི་བསྒང་།

ཇོ་མོ་གཙང་ཁ་ལུ་ ཨ་ལོ་༡༠ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ།

༉ ཁ་ཙ་ གསོ་བའི་ལས་བྱེདཔ་དང་ བདེ་སྲུངཔ་ཚུ་གིས་ ཇོ་མོ་གཙང་ཁ་ལའུ་རི་རྒེད་འོག་ རོལ་ནང་གཡུས་ཚན་ནང་ མི་མང་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ བརྟག་དཔྱད་ཐེངས་༢ པ་ འགོ་འདྲེན་འཐབ་ཡོདཔ་ད་ བརྟག་དཔྱད་ཐེངས་༡ པའི་ནང་ གཡུས་ཚན་དེ་ནང་ལས་ མི་༥ ལུ་ ནད་འབུབ་ཡོད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ རྒེད་འོག་གི་ རྐྱང་གནས་ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༩ ལུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ལུ་ རྐྱང་གནས་ཟུར་བཞག་ལྟེ་བ་ཚུ་ནང་ལས་ སྐྱེས་ལོ་༥ ལས་༡༤ འི་བར་ན་འབད་མི་ ཨ་ལོ་༡༠ ལུ་ ཀོ་བིཌ་-༡༩ འི་ནད་རྟགས་ཐོན་ཡོདཔ་ད་ ཨ་ལོ་ཚུ་གི་ ཕམ་ཚུ་ལུ་ ནད་འབུབ་ཐོབ་སྟེ་ རྐྱང་གནས་ཟུར་བཞག་ནང་ བཞག་པའི་སྐབས་ ཨ་ལོ་དེ་ཚུ་ཡང་ རྐྱང་གནས་ཟུར་བཞག་ལྟེ་བ་ཚུ་ནང་ བཞག་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *