ཇའི་སྒང་ལུ་ འབྲུག་མི་༣ འཛིན་བཟུང་།

༉ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ རྒྱ་གར་གྱི་ས་མཚམས་ ཇའི་སྒང་ལུ་ འབྲུག་མི་༣ གྱིས་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༥ ནག་ཚོང་འཐབ་ནིའི་ དཔའ་བཅམ་མི་ལུ་བརྟེན་ འཛིན་བཟུང་འབད་ནུག།
གནས་ཚུལ་དང་འཁྲིལཝ་ད་ དོགས་ཅན་ཕོ་སྐྱེས་ཚུ་ཡང་ ཐིམ་ཕུག་ལས་ཨིནམ་བཞིན་དུ་ ཕུན་ཚོགས་གླིང་གི་ཁྲིམས་སྲུང་འགག་པ་གིས་འབད་རུང་ འཛིན་བཟུང་འབད་ཡོདཔ་ ངེས་བདེན་ཨིནམ་སྦེ་ བཤདཔ་ཨིན་པས།
རྒྱ་གར་གྱི་ ཨེསི་ཨེསི་བི་ཁྲིམས་སྲུང་འགག་པ་དང་ ཧེ་མིལ་ཊོང་གི་ ནགས་ཚལ་འགོ་དཔོན་མཉམ་འབྲེལ་ཐོག་ལས་ འཛིན་བཟུང་འབད་མི་ དོགས་ཅན་ཕོ་སྐྱེས་༣ ཡང་ ཧེ་མིལ་ཊོང་གི་ ནགས་ཚལ་ཡིག་ཚང་ནང་ རྩིས་སྤྲོད་འབད་ནུག་ཟེར་ གནས་ཚུལ་ཤེས་མི་ཚུ་གིས་ བཤདཔ་ཨིན་པས།
དེ་ལས་ འབྲུག་གི་ཨང་ཡོད་པའི་ ཊོ་ཡོ་ཊ་ལེན་ཀུ་རུ་ཟར་ཅིག་ཡང་ འཕྱོགས་བཟུང་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *