རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་ བཙག་འཐུ་འབད་ནིའི་དོན་ལུ་ ད་རིས་ལས་འགོ་བཙུགས་ ཉིན་གྲངས་གསུམ་གྱི་རིང་ རྒྱལ་ཁབ་ནང་འཁོད་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་༦༩ ནང་ ཚོགས་རྒྱན་བཙུགས་ནི་ཨིནམ་ད་ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་ཁང་ནང་ བཙག་འཐུའི་འགོ་དཔོན་ཚུ་གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་གྲ་སྒྲིག་འབད་བའི་བསྒང་།

ཇའི་སྒང་ལུ་སྡོད་མི་ཚུ་གིས་ ཕུན་ཚོགས་གླིང་ལུ་སྦེ་ ཚོགས་རྒྱན་བཙུགས་ཚུགས་ནི།

༉ ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་གིས་ ཕུན་ཚོགས་གླིང་ལུ་སྦེ་ ཚོགས་རྒྱན་བཙུགས་ཚུགས་ནི་ཨིནམ་ད་ དེ་ཡང་ ཁོང་མང་ཤོས་ར་ རྫོང་ཁག་གཞན་ཁ་ལས་ འབད་ནི་དེ་གིས་ཨིན་པས།
ཕུན་ཚོགས་གླིང་གི་ དྲུང་ཁག་བདག་སྐྱོང་དང་འཁྲིལ་བ་ཅིན་ ཇའི་སྒང་ལུ་སྡོད་མི་ཚུ་ ཆུ་ཁ་རྫོང་ཁག་ལས་ཨིན་པ་ཅིན་ ཚོགས་རྒྱན་གྱི་ཉིནམ་ལུ་ ཕུན་ཚོགས་གླིང་ལུ་འོང་བཅུག་ནི་ཨིནམ་ལས་ ཚོགས་རྒྱན་ནང་ བཅའ་མར་གཏོགས་ཆོག་ཟེར་ཨིན་པས།
དེ་འབདཝ་ད་ རྫོང་ཁག་གཞན་ཁ་ལས་འབད་མི་ཚུ་གིས་ ད་རིས་ལས་ འགོ་བཙུགས་ཏེ་ ཉིན་གྲངས་༣ གྱི་རིང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ཆོག་ཨིན་ཟེར་ དྲུང་པ་ཀརྨ་རིན་ཆེན་གྱིས་ སླབ་ཨིན་པས།
འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་མ་འབད་བ་ཅིན་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ རང་སོའི་འདེམས་ཁོངས་ནང་ འགྱོ་དགོ་ནི་ཨིན་པས།
ཨིན་རུང་ ལ་ལོ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་མ་འབད་བར་ཡོདཔ་ལས་ ཚོགས་རྒྱན་ནང་ བཅའ་མར་མི་གཏོགས་ནིའི་ ཉེན་ཁ་ཡང་ཡོདཔ་ད་ དེའི་གྲས་ལས་ གཅིག་ ཆུ་ཁ་ལས་ཨིན་མི་ བསོད་ནམས་ཀྱིས་འབད་བ་ཅིན་ མོ་གིས་ གཡུས་ཁར་ཚོགས་རྒྱན་བཙུགས་པར་ འགྱོ་མི་ཚུགས་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཇའི་སྒང་ལུ་ ཚོང་རྐྱབ་སྡོད་མི་ མཱན་ཟི་ ལ་མ་གིས་ སླབ་མིའི་ནང་ གལ་སྲིད་ཚོགས་རྒྱན་གྱི་ཉིནམ་ལུ་ ཕུན་ཚོགས་གླིང་ལུ་ འོང་བཅུག་པ་ཅིན་ ཚོགས་རྒྱན་ནང་ བཅའ་མར་གཏོགས་ནི་ཟེར་ཨིནམ་ད་ ཚོགས་རྒྱན་གྱི་ཉིནམ་ལུ་ ས་མཚམས་ཀྱི་སྒོ་ར་ཚུ་ བསྡམ་དོ་ཡོདཔ་ལས་ མི་ཚུ་རྒྱུན་འགྲུལ་འཐབ་མི་ཚུགས་ནི་མས་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་༢ གཞི་བཙུགས་འབད་དེ་ཡོདཔ་ལས་ འགྲེམ་ཐོག་རྒྱན་ཤོག་གི་དོན་ལུ་ ཐོ་བཀོད་འབད་མི་ཚུ་གིས་ ས་ཁོངས་དེ་ནང་ལས་ ཚོགས་རྒྱན་བཙུགས་ནིའི་ ཞབས་ཏོག་འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ ཚོགས་རྒྱན་བཙུགས་ས་དེ་ ཕོ་དང་མོ་སྦེ་ དབྱེ་ཁག་བཟོ་ཡོདཔ་བཞིན་དུ་ ཕོ་སྐྱེས་ཚུ་གིས་ ཚོགས་རྒྱན་དེ་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ བཙུགས་ཚུགས་ནི་ཨིནམ་ད་ ཨམ་སྲུ་ཚུ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་སློབ་གྲྭ་ཆུང་བའི་ནང་ བཙུགས་དགོཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *