ཇ་པཱན་གྱི་ ཕྱི་འབྲེལ་བློན་པོ་ འབྲུག་ལུ་ཕེབས་ཡོདཔ།

༉ ཇ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏ་རོ་ ཀོ་ནོ་དེ་ ཉིན་གྲངས་གསུམ་གྱི་ གཞུང་འབྲེལ་གཟིགས་སྐོར་ནང་ ཁ་ཙ་ རྒྱལ་ཁབ་ནང་ ཕེབས་ཡོདཔ་བཞིན་དུ་ ད་རེས་ ཇ་པཱན་གྱི་ ཕྱི་འབྲེལ་བློན་པོ་གིས་ འབྲུག་ལུ་ གཟིགས་སྐོར་ལུ་ བྱོན་མི་དེ་ འགོ་དང་པ་ཨིན་པས།
ཕྱི་འབྲེལ་བློན་པོའི་ གཟིགས་སྐོར་དེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༠ ལས་༡༣ ཚུན་ ཇ་པཱན་ལུ་ གཟིགས་སྐོར་གནང་པའི་ གྲུབ་འབྲས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ཡར་འཕེལ་འགྱོ་བའི་ རྟགས་མཚན་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཇ་པཱན་གྱི་ ཕྱི་འབྲེལ་བློན་པོ་དང་ ཕྱག་ཞུ་སྟེ་ འབྲུག་གི་དོན་ལུ་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ ཧི་ར་མ་ཙུ་དང་ ཕྱི་འབྲེལ་འགོ་དཔོན་ དེ་ལས ནིའུ་ལྡི་ལི་ལུ་ཡོད་མི་ ཇ་པཱན་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་ འོང་ཡོདཔ་ཨིན་པས།
གཟིགས་སྐོར་གྱི་སྐབས་ གཞུང་ཚབ་ཀེན་ཇི་ ཧི་ར་མ་ཙུ་དང་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ གུང་བློན་འོགམ་ བི་རྣམ་རྒྱལ་གྱིས་ རྒྱལ་ཁབ་༢ ཀྱི་ ཕྱི་འབྲེལ་བློན་པོ་ཚུ་ འཛོམས་ཐོག་ལུ་ མི་སྟོབས་གོང་འཕེལ་སློབ་གཉེར་གྲོགས་རམ་གྱི་ ཡིག་ཆ་གུ་ མཚན་རྟགས་བཀོད་ནི་ཨིན་པས།
ཇ་པཱན་དེ་ འབྲུག་གི་དོན་ལུ་ གོང་འཕེལ་མཉམ་རོགས་རྙིང་ཤོས་ཅིག་ཨིནམ་ད་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ གོ་བརྡ་དམ་ཟབ་གནས་ཡོད་མི་དེ་ ཇ་པཱན་གྱི་ ཕྱི་འབྲེལ་བློན་པོའི་ གཟིགས་སྐོར་གྱིས་ ལྷག་པར་དུ་ རྩ་བརྟན་འགྱོ་ནི་གི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *